| | e-texts navigator
|
367b1 མ་བྱེད།། དེས་ན་བརྟག་ནས་ཐུབ་སྲིད་ན།། རིན་ཆེན་སྲོག་པས་ཕདྲ་ཏེ་བྱིན།། གལ་ཏེ་མ་བྱིན་ཆད་པ་འོང་།། གལ་ཏེ་མ་བརྟགས་པར་བྱིན་ན།། དེ་ཡིས་གདམ་པ་མཐུབ་ན།། སྦལ་པ་རྨ་ཅན་ཇི་བཞིན་དུ།། རང་ཕུང་གཞན་ཡང་བརླག་པར་འགྱུར།། གལ་ཏེ་དམ་ཚིག་ཐུབ་པ་ན།། ནམ་མཁའ
367b2 རྒྱ་ཆེ་ཁབ་མིག་གང་།། བྱ་བརྒྱ་ཐལ་མོ་བརྡབ་གཅིག་ཡིན།། མདུང་རྩེ་བརྒྱ་ཡང་སྤོ་བ་གང་།། དེ་བཞིན་གཡུལ་དོར་རལ་ཐབས་གཅིག། འཁོར་བའི་གཡུལ་ངོ་རང་གྲོལ་རིག། དེས་ན་ལྷ་མིན་གཡུལ་བཟློག་ཡིན།། ལྟ་བའི་ངོ་བོ་བོངོ་སྤྲོད་དང་།། ལྟ་བའི་ངེས
367b3 ཚིག་སྤོད་དང་།། ལྟ་བའི་དབྱེ་བའིང་སྤྱོད་དང་།། ལྟ་བའི་མཐུན་དཔེའི་རྡོ་སྤོད་དང་།། དེ་ཡི་ལོག་གནོན་པོ་སྤྱོད་དོ།། ངོ་བོ་རྐྱེན་མེད་ཟང་བྲལ་ཡིན།། ངེས་ཚིག་ཇི་མེད་རྣམ་དག་ཡིན།། དབྱེ་བསྐྱེ་བ་མེད་པ་དང་།། རྣམ་དག་བརྗོད་དུ་མེད་པ་སྐྱེས་སུ་བྱག།། མཐུན་དེ་ནམ་མཔའ་ད་རོ།།
367b4 ལ་ལོག་གནོན་གནད་མེད་ན།། སྡུག་བསྔལ་རྐྱེན་ཐུབ་ཤིན་ཏུ་དཀའ།། གནད་དང་ལོག་གནོན་དོ་སྤྲད་ན།། གོང་མ་ཤུགས་ལས་འབྱུང་བར་འགྱུར།། ཨ་ཏི་མཱུ་ལ་པ་ལ་མ་ཧཱ་ཞེས་གསུངས་སོ།། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། ལྟ་བའི་གེགས་སེལ
367b5 རོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན།། དམ་ཚིག་མེད་པའི་མི་རྣམས་ནི།། དཀར་པོའི་ཆོས་རྣམས་མི་ཆགས་ཏེ།། རླུང་གིས་བསྟོད་པའི་སྤྲིན་དང་འདྲ།། གཟུང་འཛིན་བྱིས་པར་འཇམས་པ་འདྲ།། དུག
367b6 ལྔ་ནགས་ལ་མེ་ཤོར་འདྲ།། ཞེ་སྡང་ཆུ་བོའི་གཉེར་མ་འདྲ།། བཅུ་བཟློག་དྲ་བའི་རྡོ་བ་འདྲ།། ཁ་དཀར་སྙིང་གནག་བྲག་ལ་གངས་ཆགས་འདྲ།། ཁ་འདྲེས་གཏིང་རིང་མཚོ་ལ་དར་ཆགས་འདྲ།། དེ་ལ་བརྟེན་ནས་དམྱལ་བར་འགྲོ།། ཆུ་སྲིན་གྲེ་བར་རིན་ཆེན་ཆུད་བཞིན་སྡོམ།། ལི་ཏིང་དེ
367b7 དང་མི་ལྡན་དོན་ལྡན་ན།། བསྒོམ་པ་འོད་གསལ་རྟོག་མེད་བསྟན།། བསྒོམ་པའི་བོ་འཇོ་སྤྲོད་དང་།། བསྒོམ་པའི་ངེས་ཚིག་རྡོ་སྤྲོད་དང་།། བསྒོམ་པའི་དབྱེ་བ་དོ་སྤྲོད་དང་།། བསྒོམ་པའི་མཐུན་དཔེའི་སྤྲོད་དང་།། དེ་ཡི་ལོག་ནོན་གེ་གསེལ་ལོ།། དེ་ལ་རོ་བོ་རྟོག་མེད་དྲི་མེད་ཡིན།། ངེས་པའི་ཚིག་ནི་དོན
iiif viewer powered by OpenSeadragon
367a - 368a