| | e-texts navigator
|
366b1 མཆོག། རང་ལ་ཡོད་པ་གསང་བ་ལས།། ཡེ་ནས་ཡོད་པ་ཡེ་ཤེས་དབང་།། ཐམས་ཅད་གཅིག་ཏུ་ཤེས་པས་སྣང་སྲིད་བུམ་པ་ཡིན།། མ་ལུས་རང་སྣང་འགག་མེད་བུམ་པའི་དབང་།། སློབ་དཔོན་སློབ་བུ་མཆེད་རྣམས་དུས་གཅིག་རྫོགས།། དམ་ཚིག་དེ་ལས་འདས
366b2 ནའཁོང་བར་འཁྱམས།། ཞེས་གསུངས་སོ།། ལྷ་མ་ཡིན་ག་ཡུལ་ཟློག་གི་རྒྱུད་ལས། མཆེད་ཀྱི་ངོ་སྟོང་དང་དམ་ཚིག་དབང་གི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་དག་བཤད་བྷ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། ཆོས་ཀྱེ
366b3 བརྟག་ཚུལ་བསྟན་པར་བྱ།། ཉོན་མོངས་བརྒྱད་ཁྲི་བཞི་སྟོད་ལ།། གཉེན་པོར་དགོངས་དང་བསྡུ་བ་དང་།། ཉེ་བར་བསྡུས་ཏེ་དྲིལ་ལ་བཤད།། ཆོས་ཉིད་སྟོང་པ་གཉེན་པོའི་སྒོ་ནས་བཤད་པ་ཡིན།། ཐེག་པ་རྣམ་པ་དགུ་རྣམས་ནི།། བསྡུ་བའི་སྒོ་ནས་བཤད
366b4 པ་ཡིན།། ཐེག་པའི་རང་གཞུང་སྒྲུབ་བྱེད་པ།། ཉེ་བའི་སྒོ་ནས་བཤད་པ་ཡིན།། ཤིན་ཏུ་ཉེ་བར་ངོ་སྤད་པས།། ཐེག་པ་གཅིག་ཏུ་བསྟན་པ་ཡིན།། དེ་ལ་དཔེ་ཡི་ཐེག་པ་དང་།། རྟག་དང་དོན་དང་ང། སུམ་དུ་འདུས།། དེ་གསུམ་ངེས་པར་གཅིག་ཏུ་འདུས།། གཅིག་པོ་བྱིན་གྱིས་རླབླ་སུ་འདུས།།
366b5 བྱིན་རླབས་རང་བྱུང་རང་ལ་འདུས།། དེ་ཡང་མཚོན་པ་བརྡ་ཡི་བྱིན་རླབས་དང་།། མཐུན་པ་དདེ་ཡི་བྱིན་རླབས་དང་།། རང་ཆས་རྟགས་ཀྱི་བྱིན་རླབས་དང་།། ཡང་དག་དོན་གྱི་བྱིན་རླབས་སོ།། དེ་ཡང་བྱིན་གྱིས་རློབ་པ་དང་།། བྱིན་གྱིས་རླབས་དང་ལྡན་པ་དང་།། ལྡན་དབང
366b6 འཕེལ་འགྲིབ་བྱུང་བ་དང་།། འཕེལ་འགྲིབ་མེད་པར་བསྟན་པའོ།། དེ་ཡང་ཐུགས་རྗེའི་བྱིན་རླབས་དང་།། གསང་བ་སྔགས་ཀྱི་བྱིན་རླབས་དང་།། ནུས་པ་རིག་པའི་བྱིན་རླབས་དང་།། ཆོས་སྐྱོད་མཁའ་འགྲོའི་བྱིན་རླབས་དང་།། དེ་ཡང་བརྟན་དང་མི་བརྟན་པ།། གདམས
366b7 པའི་སྟོབས་དང་མི་ལྡན་ན།། ཉི་མ་སྤྲིན་གྱི་གོ་བར་འདྲ།། བར་ཆོད་བདུད་ཀྱིས་བྱིན་བརླབས་ན།། འཁོར་དུ་ལྟས་ངན་སྣ་ཚོགས་འབྱུང་།། དབང་བསྲུང་བགེགས་བསླད་མ་བྱས་ན།། སྐྱོ་འབོག་བརྒྱལ་ནད་དག་གིས་འཆི།། དེས་ན་དྲོད་ཚད་དབབ་པ་དཀའ།། ཞེས
iiif viewer powered by OpenSeadragon
366a - 367a