e-texts navigator
Collection
Volume
Page
Wylie

366a1 སྟེ་དང་པོའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། རི་རབ་ཆེ་ནས་ཉི་ཤར་བ།། འོད་ཀྱིས་འཛམ་གླིད་ཡོངས་ལ་བརྡལ།། ཟེར་གྱིས་ཕྱོགས་མེད་ཡོངས་ལ་བརྡལ།། ཐུགས་རྗེ་ཆོས
366a2 མིན་ཡངས་པ་ལས།། བྱིན་རླབས་འགྲོ་བའི་གནས་སུ་འཕེལ།། ཡེ་ཤེས་ཁམས་གསུམ་རང་ཤར་འགྱུར།། རི་རབ་རྩ་བར་ཐུགས་རྗེ་ཉི་ཤར་བརྡལ།། ཁྱེད་ནི་དང་པའི་ཚུལ་གྱིས་ཉོན།། སློབ་དཔོན་རྣམ་པ་བཞི་ཡིན་པས།། ལུང་དུ་བསྟན་པའི་སྡེ་ལ་གུས
366a3 པར་འདུད།། ཐུན་མོང་སློབ་དཔོན་ཐུབ་པ་དྲུག། ཁྱད་པར་སྟོན་པ་ང་ཉིད་ཡིན།། མཆོག་གི་སློབ་དཔོན་རང་ལ་ཤར།། རང་གྲོལ་སློབ་དཔོན་འཁོར་བ་ཡིན།། རང་གྲོལ་སློབ་དཔོན་བསྟེན་པར་བྱ།། སངས་རྒྱས་སློབ་དཔོན་དམྱལ་བ་ཡིན།། གཉིས་མེད་སློབ་དཔོན
366a4 གཉིས་སྣང་ཡིན།། ཤེས་པའི་སློབ་དཔོན་མ་རིག་པ།། ཞེས་གསུངས་སོ།། ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སློབ་དཔོན་ངོ་སྤྲོད་ཆོས་མིན་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད།། མཆེད
366a5 ཀྱི་གདམས་པ་འདི་ལྟ་སྟེ།། དེ་ལས་མཆེད་པོ་རྣམ་པ་གསུམ།། ཁམས་གསུམ་རྒྱུད་དྲུག་ཀྱི་ཡི་མཆེད། གྲུབ་མཐའ་གཞུང་བསྲང་ནང་གི་མཆེད།། གསང་བའི་མཆད་ལ་རྣམར་བྱ།། བག་ཆབ་དང་བྱུང་ཡེ་ཤེས་མཆེད།། རང་རིག་རང་བྱུང་རིག་པའི་ཡེ་ཤེས་མཆེད།། དངོས་པོ་སྣ་ཚོགས་དངོས་མེད་མཆིད།།
366a6 ཆོས་ཅན་འཁོར་བ་ཆོས་མིན་མཆེད།། ཁམས་གསུམ་སེམས་ཅན་སྐུ་གསུམ་མཆོད།། སྣ་ཚོགས་མ་འགགས་ཉག་གཅིག་མཆེད།། ཐམས་ཅད་འབྲེལ་བས་མཆེད་ཅེས་བྱ།། མཆེད་ཀྱི་རྩ་བ་མཆེད་ན།། དམ་ཚིག་གཞུང་བསྐྱང་ཤིན་ཏུ་དཀའ།། དམ་པརྨ
366a7 མའི་གདམས་ངག་ཡིན།། ཚིག་ནི་ངོ་སྤྲོད་རིན་པོ་ཆེ།། དབང་རྣམས་མ་ལུས་དུས་གཅིག་བསྒྱུར།། དབང་རྣམས་བསྲུང་བའི་སློབ་བུ་ཡིས།། དམ་ཚིག་དབང་བ་ལྷུར་ཐུབ་པར་གྱིས།། དམ་པའི་གདམས་ངག་ཐབས་སུ་ཤེས།། རྟོགས་པའི་ཤེས་རབ་དབང་གི




iiif viewer powered by OpenSeadragon

365b - 366b

Texts on this page

Gdg004.22 - lha ma yin g.yul ngo bzlog pa'i rgyud