| | e-texts navigator
|
365a1 འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས།། རྡོ་རྗེ་ཆོས་སྣ་བླ་གོས་དང་།། མཁའ་འགྲཱཉ་སའི་སེང་གེ་དང་།། ཐབས་ཅིག་པ་ཡི་བྱང་སེམས་རྣམས།། ཀླུ་ལ་རྒྱལ་པོ་འཛག་པོ་དང་།། དགའ་བོ་ལ་སོགས་བརྒྱད་པོ་།
365a2 བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུ།། བྱེ་བ་དཔག་མེད་འགྱེད་པ་པོ།། སྦལྔ་པའི་རྒྱུ་སྟེ་སྒྲ་ཡི་མཆོག། འགྲོ་ཀུན་ཐབས་ཀྱིས་འདུལ་བའི་སྐུ།། རི་རབ་རི་ཡི་རྩབ་རུ།། ཤིང་ཆེན་དཔག་བསམ་རྩ་བ་ལ།། ལྷམ་ཡིན་རྣམས་འདུ་བའི་གནས།། གནས་དེར།
365a3 སྤྲུལ་པ་ཐུག་ཟངས་རིས།། དེ་རྗེ་ཆོས་ཀྱི་སྒྲོ་གྲོས་ཐུགས་ལས་འཐོན།། ལྷ་ཡི་བྷ་ཡི་བདུད་གཞོམ་ཕྱིར།། ལྷ་མིན་གཡུལ་བཟློག་རྒྱུད་འདི་གསུངས།། ལྷ་མ་ཡིན་རྣམས་རབ་ཏུ་དགྱེས།། སྟོན་པ་ཆོས་ཀྱི་བློ་གྲོས་ཁྱོད།། ལྷ་མིན་བདུད་ལས་རྒྱལ་བའི་ཕྱིར།
365a4 ཐུགས་རྗེ་ཆོས་མིན་ཡངས་པ་ནས།། ཆོས་མིན་འཁོར་ལོ་བསྐོར་དུ་གསོལ། ཞེས་ཞུས་པས། དཔག་བསམ་ཤིང་གི་བུས་པ་ལས། དྷ་ག་པར་ཏ་དང་། ཨ་ནུད་དང་། རྩ་ལི་དང་། བདུད་གུད་དང་། ཤེན་དང་། ཛི་བྷཾ་བ་ཛི་བ་ཀ་དང་། ཙཀྲ་བ་ཀ་དང་། ཤས།
365a5 ར་པཱ་དང་། ཀོ་ཀེ་ལ་དང་། ཤི་གེ་དང་། བཀ་དང་། གུང་རྟ་དང་། བི་ཧ་ར་ཙ་དང་། གྲེ་རུ་དང་། མ་གྷར་དང་། ཀ་ལརྠ་ཀ་དང་། ཙི་ས་ན་དང་། ཀ་ཀཱ་དང་། ཀུ་དྷ་དང་། ཀ་རན་དྷ་པ་དང་། !ཆོས་འདི་སྒྲ་གཅིག་གྲག་པ་ཡིས།། བྱ་རྣམས་དེ་དག་ཐམས་ཅད་ཀྱང་།། རི་རང།
365a6 རྩེ་ཡི་དཔག་བསམ་ལས། ཀ་ལཱ་པ། མུ་ཏྲ་དྱ་ཏ་ལ་བ། གནས་འདིར་འདུས་ན་སྡེ་སྐང་སྒྲོགས།། བཀའ་འདི་བསྒྲགས་པར་གྱུར་པའི་ཚེ།། དུས་གསུམ་བསྟན་པ་གཅིག་ལས་ཉ་ས་ཉི་མ་ད་མ་རྫ་མ་མེད།། ཡང་དག་སངས་རྒྱས་ཞིང་ཁམས་སུ།།
365a7 ཐམས་ཅད་ཀུན་གྱི་མཉམ་པར་གཟིགས།། རྡོ་དང་བོང་བ་ལ་སོགས་པས།། ཐམས་ཅད་ཆོས་མིན་དང་རྫ་སྭ།། རང་བྱུང་སྒྲ་ཡི་གདངས་དང་བཅས།། ཐུན་གཅིག་དག་ལ་གོ་བར་གྱུར།། དང་པོར་སྤྲུལ་པའི་སྒྲ་མཆོག་པ།། སྲིད་པ་གསུམ་གྱི་རྩེ་ལ་བབས།།
iiif viewer powered by OpenSeadragon
364b - 365b