e-texts navigator
Collection
Volume
Page
Wylie

362b1 བ་དང་།། གནས་པའི་སེམས་ཉིད་ཀྱང་པའོ།། ཐག་མཱའི་སེམས་ཉིད་སྣང་བ་ནི།། རང་བྱུང་ཡ་ཤས་སྙིང་པོ་དང་།། རིག་མང་ནམ་མཁའ་ཡོད་པ་ལ།། རྒཡོས་པ་མེད་པའི་ཡོན་ཏན་ལས།། རིག་པའི་ཟེར་ཚོགས་འབུམ་བྱུང་བས།། སྣ་ཚོགས་རེག་པར་གྱུར་པ་སན།།
362b2 འཁྲུལ་བའི་རིག་པ་འབུམ་ཚོགས་ཤར།། ཐོག་མའི་རིག་པ་བཟློག་པའི་ཕྱིར།། རིགས་མེད་དང་དུ་བསྒོམ་པར་བྱའོ།། བར་དོའི་སེམས་ཉིད་སྦྱང་བའི་ཕྱིར།། རང་ཉིད་རྨུགས་པར་གྱུར་པ་ལ།། ཁྱང་པར་ཅན་གྱི་ཐམས་ཀྱང་།། ལྟ་བ་སྤྱོད་པ་སྒོམ་པ་ཡིས།།
362b3 ཏེ་ལམ་ལ་འདུག་པར་བྱ།། ལྟ་བས་ལྷུང་བ་རྣམ་གསུམ་སྟེ།། ཆོས་ཉིད་སྟབས་སྦྱང་བ་ནི།། ཆོས་རྣམས་ཐམས་ཅད་ཆོས་སྐུ་སྟེ།། འཁོར་དང་མྱ་ངན་འདས་པ་ཀུན།། ཕྱི་དང་ནང་མེད་ཆོས་ཀྱི་སྐུ།། བཅོས་སུ་མེད་དེ་ནམ་མཁའོ།། ཡེ་ཤེས་པ་ཝ་བས་སྣང
362b4 པ་ནི།། ཆོས་རྣམས་ཐམས་ཅད་གཅིག་པ་ལ།། འདོད་འདི་མེད་ན་ཡེ་ཤེས་སོ།། རྒྱུ་དང་འབྲས་བུ་ཐམས་ཅད་ཀུན།། རིག་པ་མེད་པའི་ཡེ་ཤེས་ཡིན།། ཐུགས་རྗེའི་ལྟ་བས་སྦྱང་བ་ནི།། ད་དང་བདག་ཏུ་སྣང་བ་ཀུན།། ཐ་དད་མེད་པའི་ཐུགས་རྗེ་ཡིས།
362b5 རིག་པའི་ཡེ་ཤེས་ལས་ལ་གཟུང་།། བསྒོམ་པས་མྱང་བའི་ཐབས་དེ་ནི།། ཆོས་ཉིད་སྟོང་པས་སྲུང་བ་ན།། རྟོགས་དང་མི་རྟོག་གཉིས་མེད་དེ།། མཚན་མའི་རྣམ་རྟོག་ཅི་བྱུང་ཡང་།། བརྗོད་དུ་མེད་པའི་ནམ་མཁའ་ལ།། མིང་དང་བྲལ་བར་བསྒོམ་པར་བྱ།། ཐབས།
362b6 ཀྱི་བསྒོམ་པས་སྦྱང་བ་ནི།། མཚན་མའི་རྣམ་རྟོག་ཐམས་ཅད་ཀུན།། ཡིད་ཀྱི་རྣམ་ཤེས་ངག་ལས་བྱུང་།། ཡིད་ཀྱི་རྣམ་ཤེས་ཀྱུན་གཅད་དེ།། བརྗོད་དང་བྲལ་བའི་ཆོས་ཉིད་བསྒོམ།། ཐུགས་རྗེ་ཐབས་ཀྱི་བསྒོམ་པ་ནི།། ཆོས་རྣམས་ཐམས་ཅད་སྣང་བ་སྟེ།། སྡང་བ
362b7 དྲལ་མིང་ཆགས་ཏེ།། མིང་ལ་བརྟེན་ནས་ཉོན་མོངས་ཏེ།། ཉོན་མོངས་དེ་རྣམས་བཟློག་པའི་ཕྱིར།། རང་བྱུང་ཡེ་ཤེས་རིག་པ་དེ།། མ་བཙལ་མི་བསྐྱེད་ཡུལ་ལས་བཟློག། བབྱེད་པ་མེད་པའི་ཡེ་ཤེས་ཀྱིས།། ཆོས་རྣམས་ཐམས་ཅད་མཉམ་པར་གཞག




iiif viewer powered by OpenSeadragon

362a - 363a

Texts on this page

Gdg004.21 - rin po che srid pa bar ma do snang ba'i rgyud