e-texts navigator
Collection
Volume
Page
Wylie

361b1 འཇའ་འོད་འབྱུང་།། གསང་སྔགས་འབྲས་བུ་ཐོབ་པའི་རྟགས།། འབྲས་བུ་ཐོབ་པའི་རྣལ་འབྱོར་པས།། ཡེ་ཤེས་ཡོན་ཏན་མ་འགྲགས་པས།། འབྲས་བུ་ཐམས་ཅད་ཐོབ་པའི་རྟགས།། གྲུ་གཟུགས་ཁ་དོག་ཅི་ཡང་སྣང་།། ཆ་ཆུང་མཐེ་བོང་ཙམ་དུ་འབྱུརང།
361b2 འཇའ་དང་འོད་དང་ཁུ་བླངས་འབྱུང་།། སླ་དང་ན་བུན་སྐར་མདའ་འབྱུང་།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་།། ཐ་དད་མེད་པར་ལྷུན་གྱིས་གྲུབ།། ཉོན་མོངས་སྒྲིབ་པ་དག་པའི་རྟགས།། འབྲས་བུ་མངོན་དུ་འགྲུབ་རྟགས་ཡིན།། བར་ངོའི་དྲི་མ་དག་པའི་རྟག
361b3 ལེའུ་སྟེ་དགུ་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཚེ་འདུས་ལུས་ཀྱི་ཕུང་པོ་ལ།། སྦྱོང་བའི་ཐབས་ནི་ཅི་ལྟ་བུ།། ལུས་དེ་སྦྱངས་པས་ཅི་ལ་ཕན།། སྟོན་པའི་སྟོན་པ་ཀུན་ཏུ་བཟ
361b4 ཡིས།། ལུས་ཀྱི་ཕུང་པོ་སྐྱོང་ཐབས་གསུམ།། ཡེ་ཤེས་མེ་ལྷས་སྦྱང་བ་དང་།། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་དང་།། ཆོས་ཉིད་ཏིང་འཛིན་གྱིས་མྱང་བའོ།། ཡེ་ཤེས་མེ་ལྷ་རྣམ་གཉིས་ཏེ།། དམ་ཚིག་མེ་ལྷ་ཡེ་ཤེས་མེ་ལྷའོ།། དམ་ཚིག་མེ་ལྷས་སྐྱེད་པ་ནི།།
361b5 ཆོས་ཉིད་ནམ་མཁའི་རང་བཞིན་ལ།། རིག་པ་ཡེ་ཤེས་ཆེན་པོ་དེའང་།། འཛིན་རྟོག་མེད་པའི་ཐུགས་ཉིད་ལས།། རང་བྱུང་ཡེ་ཤེས་མེ་སྦར་བས།། རྣམ་རྟོག་བག་ཆགས་མཁའ་ལ་ཐིམ།། ཡེ་ཤེས་མེ་ལྷས་སྦྱང་བ་ནི།། ཐོག་མ་མེད་པའི་དུས་ཉིད་ནས།། སྐྱེས
361b6 དང་མ་སྐྱེས་གཉིས་མེད་དེ།། རང་ལ་གནས་པའི་ཡེ་ཤེས་དེར།། མཉམ་པར་བཞག་པས་ལུས་ཉིད་སྦྱངས།། ལུས་ཀྱི་རྣམ་རྟོག་པས་ཆགས་ཀུན།། ཆོས་ཉིད་ནམ་མཁའི་དད་ལ་ཐིམ།། འབྱུང་བའི་མེ་ཡིས་ལུས་ཉིད་བསྲེག། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི།། རྐང
361b7 མཐིལ་གཉིས་སུ་ཡཾ་གཉིས་བསམ།། གསང་བའི་གློ་རུ་རཾ་བསམ་མོ།། ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ།། སྙིང་གར་ཕཊ་གྱི་གདན་དག་ལ།། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ།། ཡེ་ལས་ཡེ་ཤེས་རླུང་བྱུང་བས།། རཾ་ལས་ཡེ་ཤེས་མེ་སྦར་ནས།། རིགས




iiif viewer powered by OpenSeadragon

361a - 362a

Texts on this page

Gdg004.21 - rin po che srid pa bar ma do snang ba'i rgyud