| | e-texts navigator
|
356b1 ཁམས་ཆོས་ལུགས་ངན་པས་སླར་ལ་གཏེར་དུ་སྦས་སོ།། ཞེས་གསུངས་སོ།། བི་མ་ལས་གདམས་སོ།། སྲས་རྒྱཙྪ།། རྒྱ་གར་སྐད་དུ། རཏྣ་བྷཱ་བཱནྡྷ་རཱ་ལོ་ཀཿ། བོད་སྐད་དུ། རིན་པོ་ཆེ་སྲིད་པ་བར་མདོ་སྡང་བའི་རྒྱུད། བཅོམ་ལྡན
356b2 འདས་དང་སྣང་ཀུན་ཏུ་བཟང་པོ་ལྔ་ཕྱག་འཚལ་ལོ།། དུས་བཞི་མཉམ་པར་གཅིག་པར་སྣང་བའི་དུས།། རྒྱུ་གྱེན་མ་བསྐྱེད་ཡེ་ཤེས་སྣང་བའི་དུས།། ལུས་སེམས་གཉིས་པོ་ཐ་དད་སྣང་བའི་དུས།། རང་གི་རྣམ་རྟོག་དབུགས་ལ་བརྟེན་པའི་དུས།། འཁོར
356b3 འདས་གཅིག་པར་སྣང་བའི་དུས།། ཆོས་སྐུ་སྐྱེ་མེད་རང་བཞིན་གྲུབ་པའི་གནས།། ཡེ་ཤེས་མ་སྐྱེས་རེག་པ་སྟོང་པའི་གནས།། ལུས་དང་སེམས་གཉིས་སྲིད་པར་སྣང་བའི་གནས།། སྣང་བ་ཐོགས་མེད་སྤྱོད་ཡུལ་སྟོན་པའི་གནས།། འཁོར་བའི
356b4 རྒྱུད་འདས་སྣང་བའི་གནས།། ཆོས་སྐུའི་སྙིང་པོ་བརྗོད་མེད་སྟོན་པ་དང་།། ཡེ་ཤེས་སྙིང་པོ་མི་གརྗོད་སྟོན་པ་དང་།། ལུས་ཀྱི་སྣང་ཚུལ་སེམས་ཀྱི་སྟོན་པ་དང་།། དབུགས་ཀྱི་རྣམ་རྟོག་སྣང་བའི་སྟོན་པ་དང་།། འཁོར་བའི་ལམ་དང་མྱ་ངན་འདས་པའི་ལམ་སྟོན་པ
356b5 རང་བྱུང་ཆོས་སྐུ་མ་འགགས་འཁོར་དེ་དང་།། རང་བྱུང་ཡེ་ཤེས་འགགས་མེད་འཁོར་ཉིད་དང་།། ལུས་ཀྱི་འཁོར་དང་སེམས་ཀྱི་འཁོར་ཉིད་དང་།། བླགས་ཀྱི་རྣམ་རྟོག་ལམ་ཚོལ་འཁོར་ཉིད་དང་།། ཐ་མི་དད་པ་ད་ཅིག་སྣང་འཁོར་ཉིད་དོ།། རང་བྱུང་ཡེ་ཤེས་མི
356b6 བརྗོད་བསྟན་པ་དང་།། མིང་དང་བརྡའ་རུ་བྱུང་བའི་བསྟན་པ་དང་།། བརྗོད་པའི་ངག་མེད་སེམས་བརྗོད་བསྟན་པ་དང་།། བརྗོད་མེད་མི་བརྗོད་དབྱེར་མེད་བསྟན་པའོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། སྲུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།།
356b7 སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལུས་མེད་ལུས་སུ་གྲུབ་པ་སེམས་ཅན་ལུས།། དང་པོ་ལུས་འདི་རྒྱུ་ཉིད་ཅི་ལས་བྱུང་།། བར་དུ་བསྐྱེད་ལུགས་ཇི་ལྟར་གྲུང།། ཐ་མར་ལུས་ཀྱི་འབྲས་བུ་འཁྲུལ་པ་ཅི་ལྟར་རྒྱས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།།
iiif viewer powered by OpenSeadragon
356a - 357a