| | e-texts navigator
|
355b1 ཚོགས་དག་པའི་སྐུ་མངའ་བས།། མ་བསྡད་བཞག་ན་ཡེ་ཤེས་སྐུ།། སྣ་ཚོགས་འབྱུང་བའི་སྐུ་མངའ་བས།། མ་བཀག་བཞག་ན་དང་བྱུང་སྐུ།། སྙིང་པོ་གདོད་ནས་དག་པ་ལ།། ཆོས་སྤྱོད་བཅུ་ཡིས་སངས་མི་རྒྱ།། མཱ་བཙལ་ལྷུན་གྱིས་གྲུབ་པ་ལ།། ཡོན་ཏན་བཅུ
355b2 ཡིས་གསལ་དུ་མེད།། བཀའ་ལུང་ཕྱི་མོར་རང་ཤར་བས།། ཆོས་ཀྱིས་ཤེས་རབ་བསྐྱེད་དུ་མེད།། སངས་རྒྱས་ཆོས་ལས་མ་བྱུང་བས།། རྒྱུད་ལུང་མན་ངག་ད་ཡི་དུག། ཀྱི་གསང་བའི་བདག་པོ་ཆོས་ལས་འདས་པའི་སྐུ་རློམ་ཤེས་ན། རང་གི་རིག་པ་ལ་དྲིས
355b3 ཤིག། དེ་མཚོན་པའི་དཔེ་ངོ་མ་ཤེས་ན། རྡོ་རྗེ་སེམས་དཔའ་མེ་ལོང་ལ་དྲིས་ཤིག། སངས་རྒྱས་སྐུ་རང་ལ་གནས་པའི་རྟགས་ངོམ་ཤེས་ན་བྱང་ཆུབ་སེམས་ཀྱི་སྒྲོན་མ་ལ་ལྟོས་ཤིག། ཀྱེ་སེམས་དཔའ་ཆེན་པོ་མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང་། རྟོགས་པའི
355b4 བ་རང་རིག་པའི་ཡེ་ཤེས་ཁོ་ནའོ།། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། ཆོས་ལས་འདས་པའི་སྐུ་སྙིང་པོ་བྱང་ཆུབ་ལ་འདུ་འབྲལ་མེད་པར་དག་པར་གནས་སོ།། རིགས་ཀྱི་བུ་ཆོས་ཐམས་ཅད་ཆོས་ཉིད་རྒྱ་མཚོ་དང་འདྲ་བའི་ངང་དུ་བྱ
355b5 བཙལ་མེད་པར་སྙིམས་ཤིག། ཅེས་རྡོ་རྗེ་འཆང་གིས་བཀའ་སྩལ་ཏོ།། འཁོར་བ་དོང་སྡུག་ཆེན་པོའི་རྒྱུད་ལས། དམ་པའི་ཆོས་རྒྱ་མཚོ་ཆེན་པོར་དབབ་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་བླ་ན་མེད་པའི་ཏིང་ངེ་འཛིན
355b6 ལ་སྙོམས་པར་ཞུགས་སོ།། དེའི་ཚེ་དེའི་དུས་སུ་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གསང་བ་བླ་ན་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག། ངས་ཕྱོགས་བཏུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ
355b7 དང་གསུང་དང་ཐུགས་རྡོ་རྗེ་བླ་མ་ཆེན་པོ་མཐའ་གང་ལ་བསྐྱལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐའ་གར་གཏུགས། ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་རུ་ལོག་པའི་དུས་སུ་དང་དེའི་ཞིང་ཁམས་གཅིག་གམཐ་དད་། ལུང་རྒྱུད་མན་ངག་གི
iiif viewer powered by OpenSeadragon
355a - 356a