e-texts navigator
Collection
Volume
Page
Wylie

353b1 དྲུག་ཝ་སྲགས་མ་མ་ཤས་ལ།། ལྔ་ཉིད་བར་ཆེན་ཐེག་ལ་ཆེན་པ་གཅིག། གཅིག་ལ་ཅན་རྫོགས་པ་སྤྱད་རྣམ་པར་དག། ཐིག་ལེ་ཐུག་གཅིག་དང་བྱུང་ཡེ་ཤེས་སྲ།། མ་དག་པདྨ་དབྱིངས་ཅི་དཀྱིལ་འཁོར་ན།། འབྱུ་བྲལ་མེད་པའི་གསལ་བའི་མཁའ་ལ་སྙོམས།། བྷྱ
353b2 འཚལ་མེད་པའི་བདེ་བ་ཆེན་པོའི་མུ།། གར་ཡང་ཐོགས་མེད་འབྲུག་གི་སྒྲ་ལྟར་སྒྲོགས།། གླང་ཆེན་འགྲོས་ལྔར་འགྱུར་མེད་གཅིག་པུ་བ།། རྣཾས་བྲལ་གབ་པའི་ཚུལ་དུ་རྟག་གནས་པ།། བཙལ་མེད་བྱ་བྲལ་ཟིན་པའི་ཡུལ་ལ་གནས།། ཟིན་པ་མེད་པའི་སྡུག་བསྔལ
353b3 ནད་སེལ་བ།། རྒྱ་མཚོའི་གཏིང་ན་གསེར་གྱི་ཕ་བོང་འདྲ།། བདེ་དང་སྡུག་བསྔལ་རྒྱུ་མཐུན་པ་དེ་གནས་པ།། རིན་ཆེན་གསེར་ལ་ནོར་བུ་ཕྱག་དྷཱའི་ཚུལ།། བསྒོམ་དང་བསྒོམ་པ་གཉིས་མེད་དོན་རྟོགས་ན།། སཽ་མང་རལ་གྲི་ཏིལ་མར་ངརུ་བཏབ་འདྲ།། དགེ་ལྡེག་གཉིས
353b4 མེད་དོན་རྟོགས་ན།། མན་ཤེལ་སྐུ་ལྟར་རང་གི་རྒྱུད་དག་པས།། དཔེ་དོན་རྟགས་དང་གསུམ་གྱིས་ཚད་ལྡན་པས།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པ་ཡིན།། ལུང་གི་རྒྱལ་པོ་རིག་པའི་ཁུ་བྱུག་ལྟོས།། ཟིན་པས་རྩོལ་བའི་ནད་སྤངས་ཏེ།། སྨན་གྱིས་གནས་པར་བཞག་པ
353b5 ཡིན།། ཨ་ཏི་རངས་རགནས་པའི་ལུང་།། རྒྱལ་ཚ་བ་ཆེན་པོ་བདེ་བའི་བཀའ།། བསླབ་མེད་རྩལ་སྐྲག་སྨོན་པ་མེད་པ་ཡི།། བྱང་མེད་ལུན་རྫོགས་སྔ་མ་དེ་བཞིན་ཉིད།། རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ།། ལོག་ཏོག་བྱིང་པའི་སྤྱོད་པས་ཅི་ཞིག་བསྡུ།
353b6 སངས་རྒྱས་དགོངས་པ་ཡེ་ནས་གནས་པ་ལ།། ད་ལྟ་ང་ལ་གནས་པར་བྱར་མེད་དེ།། བྱང་སེམས་བསྒོམ་པ་ཆུ་བོའི་ཀླུང་འབྱམས་ནས།། བསྒོ་མ་དང་བསྒོམ་པར་བྱ་བ་གཉིས་མེད་ན།། དོན་དམ་ང་ལ་བདེན་པར་བཞག་པ་ནི།། ཆུ་བོ་ཀླུང་འབྱིམས་དགོངས་པས་ཟིན་པ་ཡིན།།
353b7 རྒྱུན་གྱི་ཏིང་འཛིན་ཡེངས་བྲལ་མེད་པར་མ་ཤེས་ན།། ཁྱུང་ཆེན་གཤོག་རྫོགས་བཀའ་འདི་དང་དུ་ལོངས།། མི་གཡོ་རང་བཞིན་གནས་པས་སྨད་ནྟེ་ནྱཱ་མ་བྱས་ན།། མཐོ་རིས་བགྲོད་པའི་ལམ་དེས་ཉོན་མོངས་ཟིན་པར་འགྱུར།། ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི




iiif viewer powered by OpenSeadragon

353a - 354a

Texts on this page

Gdg004.20 - rdo rje srin po rno ba rdo rje mchu can gyi rgyud ces bya ba / rgyud thams cad kyi snying po 'khor ba dong sprug chen po'i rgyud