e-texts navigator
Collection
Volume
Page
Wylie

352b1 གཟུགས་ཀྱི་མུ་མི་སྣང་བས་མཐོང་བའི་ཡུལ་ལ་ཤེས་པའི་རིག་པ་མ་ཤོར་རོ།། དེ་ལས་ཀུན་ཏུ་བརྟགས་པའི་མ་རིག་པ་བྱུང་ངོ་།། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། སངས་རྒྱས་མང་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ངས། དབྱེ་བའི་གྲོགས་མེད་པའི་མཐོང་བའི་ཡུལ་ལ
352b2 ཤེས་པའི་རིག་པ་སྐད་ཅིག་མས་ཤེས་སོ།། ང་རང་བྱུང་གི་གཞི་ལ་འཁྲུལ་པ་མེད་པའི་ཕྱིར། དེའི་ཚེ་དེའི་དུས་ན་རྟོགས་པ་ཁྱད་པར་དུ་གྱུར་པའོ།། རིགས་ཀྱི་བུ་དེ་བཞིན་དུ་རྟོགས་པའི་དོན་ཐུགས་སུ་མ་ཆུད་པར། ཚོལ་བའི་བསམ་པས་སངས་ཞུས་ན། རང་བྱུང་གི་ཡེ
352b3 ཤེས་རྫུན་པར་འགྱུར་རོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་བདེན་པ་ནི་གར་ཕྱིན་ལ་སྐང་འདབ་ཆགས་པ་ལྟ་བུ་མི་གཏང་ན་སེམས་ཅན་གྱི་བསམ་པས་ཅི་སྟེ་བཟུང་། དེ་ལྟ་བུས་ན་བྱང་ཆུབ་ཀྱི་སེམས་མུཾན་སེལ་བདེ་བའི་སྐུལ་རིག་པའི་སྐུ་རྡོ་སྨད་པས་སྣང་སྲིད་གསལ་བ་ཤར་རོ།།
352b4 དོན་གྱི་ངོ་སྤྲད་པས། ཚིག་དང་ཡི་གེར་འབྲེལ་ལོ།། ཡུལ་ཆོས་ཉིད་ལ་ངོ་སྦེད་པས། སྣང་བ་རང་བཞིན་མེད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ཀྱེ་གསང་བའི་བདག་པོ། བྱང་ཆུབ་ཀྱི་སེམས་རང་རིག་པའི་ཀློང་ལ་ཁྱབ་གདལ་ཐུབ་ཆུབ་སྤྱི་སྤྱད་དོན་ཀློང་། ཕུག
352b5 རྡུཐུགས་འབྱམས་ལས་ཉག་གཅིག་གོ།། འཁོར་བ་དོང་སྨུག་ཆེན་པོའི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་བསད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་མཁས་པ། མེད
352b6 བཞིན་དུ་སྣང་བ། ནད་ཐམས་ཅད་སེལ་བར་བྱེད་པ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་ཉིད་ཆོས་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་དེའི་དུས་སུ་གསང་བའི་བདག་པོ་ལག་ནི་རྡོ་རྗེས་ཞབས་གཉིས་ཀྱིས་ཉི་མ་དང་ཟླ་བ་བརྫིས་ཏེ། རྡོ་རྗེ
352b7 འབར་བ་སྒྱིངས་པའི་འཇིག་རྟེན་ལ་ཐུག་པར་གསོར་ཞིང་། ཞལ་བགྲང་མཆེ་བ་གཙིགས་སྨིན་མ་དཔྲལ་བར་བསྡུས་ཏེ། ཀྭའི་ཟུག་རྗེ་ཆེན་པོ་ཆོས་ཉིད་ཀྱི་དགོ་བ་ལམ་མནལ་བར་བཞེངས་ཤིག། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་བསྒྲལ་བར་མི་ནུས་ན། འཇིག་རྟེན




iiif viewer powered by OpenSeadragon

352a - 353a

Texts on this page

Gdg004.20 - rdo rje srin po rno ba rdo rje mchu can gyi rgyud ces bya ba / rgyud thams cad kyi snying po 'khor ba dong sprug chen po'i rgyud