| | e-texts navigator
|
352a1 ལགན་རྣན་ཁྱོད་ཉོན་ཅིག། མ་འོངས་པའི་སེམས་ཅན་གྱི་དོན་དུ་འདི་སྐད་སྨོས་ཤིག། སེམས་ཀྱིས་ལོན་བྷ། དྲན་ནྡོག་རྩཝ་གཞིལ། དབང་བ་ལྗོན་པ་རྦ། སྣང་བའི་ངསྐད། ཡེ་ཤེས་ངོས་བརྒྱུང་རྟོགས་པའི་རྗེས་བཅད། འཁོར་བ་གཞི་བཟློག།
352a2 འགྲོ་བ་རང་ལུགས་སུ་བཞག་གོ།། སྲིད་པ་གསུམ་ནི་བདེ་བའི་གཞལ་ཡས་ཁང་། རང་བྱུང་ཡེ་ཤེས་མི་རྟོག་ཉོན་མོངས་བྲལ།། ཉོན་མོངས་ཞིང་དག་སྐུ་གསུམ་ལྷུན་གྱིས་གྲུབ།། དབང་བསྲུང་རྒྱས་བཏབ་སྐུ་གསུམ་མིང་གིས་མཚོན། ཆ་ལུགས་ཕྱག་རྒྱ་མ་ལུས་སྲུལ་རྡོ་ག།
352a3 སྐུ་བསྟན་ཡིག་འབྲུ་འོད་ཟེར་ཕྱོགས་བཅུར་འཕྲོས།། གསལ་བའི་འཇིག་རྟེན་གྲགས་པས་དབང་དུ་འདུས།། ཤིན་ཏུ་དཀོན་པའི་ཆོས་ཉིད་ཟབ་མོའི་ཡུལ་ཤེས་ཤིང་།། མྱ་ངན་འདས་ལ་མི་གནས་འཁོར་ལ་མི་གནས་ན།། བྱང་ཆུབ་སེམས་དཔའ་དི་ནི་ཡོངས་སུ་མྱ་ངན
352a4 འདའ་བར་འགྱུར།། ཞེས་འཁོར་བ་དོད་སྡུག་ཆེན་པོའི་རྒྱུད་ལས། འཛམ་བུའི་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་གཞོམ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་ཉིད་སྙིང་རྗེ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།
352a5 དེའི་དྲུང་ན་གསང་བའི་བདག་པོ་ཉིད་ཕྱག་སྤྱི་བོར་ཐལ་མོ་སྦྱར་ནས། ཞབས་ཀྱི་པུས་མོ་ས་ལ་བཙུག་ཏེ་གསོལ་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད། སྙིང་རྗེ་རབ་ཏུ་མི་གནས་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག། ཁམས་གསུམ་གྱི་སེམས་ཅན་ནི་ནད་པ་ལྟ་བུ་སྟེ།
352a6 སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བའི་ཐབས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། སྐྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། མི་འགྱུར་བ་རྡོ་རྗེའི་སྐུ་ལོངས་ཤིག། མ་ནུ་ས་ནཱ་ཙེཏྟ་ཨེ་ཀ་མར
352a7 ན་ཧཱུ~ཾ་ཨ། ལག་ན་རྡོ་རྗེ་ཞུས་པ་ལེགས་སོ།། ཐོག་མ་རང་བཞིན་སྤུན་གྱིས་གྲུབ་པའི་མགོན་པོ་འོད་མི་འགྱུར་བ་ཉིད། སྡིག་པའི་འགྲན་ཟླ་མེད་པར་འཁོར་བར་ལྟུང་བ་དེ་ཉིད་རང་གི་ངོ་བོར་མ་ཤེས་པ་ལྷན་ཅིག་གནས་པའི་མ་རིག་པའོ།། ལྷན་ཅིག་གནས་པའི་མ་རིག་པ་རང
iiif viewer powered by OpenSeadragon
351b - 352b