e-texts navigator
Collection
Volume
Page
Wylie

350b1 པའཁོར་བ་དོང་སྡུག་ཆེན་པོའི་རྒྱུད། ཧེ་ཀུ་ནག་པོ་ཆེན་པོ་ཟོར་ཚུ་བྲ་གཅིག་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའི་ཞལ་ཆེམས། སངས་རྒྱས་འོད་དཔག་མེད་པའི་སྐུ་རྟེན་དུ་བཞག་པ། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། རིན་པོ་ཆེ་གསར་གྱི་གླེགས་བམ་ལ། ཉྫ
350b2 ཞུན་མས་དང་ནན་དུ་བྲིས་ཏེ། མདུན་གྱི་ནམ་མཁའ་ལ་བབས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མི་གཡོ་བ་འོད་ཀྱི་ཕུང་པོ་ལ་བརྐྱང་ཕྱག་ཕུལ་ཏེ། ཡན་ལག་ལྔ་སཱ་ལ་བཙུགས་ཏེ། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་སྟེ།
350b3 གཟིགས་པས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡང་གསང་བྱུང་བའི་རྒྱུད། སྤྱན་གྱི་རྒྱལ་པོ་ངུར་བྱེད་ལྟ་བུ། ཆོས་ཆེན་པོ་གསང་བ་རྨད་དུ་བྱུང་བ། ཆོས་ཐམས་ཅད་ཀྱི་ཟུག་རྔུ་རབ་ཏུ་ཕྱེ་བ། རྡོ་རྗེ་སྲིན་པོ་འབྲུག་གི་སྒྲ་སྒྲོགས་པ། གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ
350b4 ཀྲྀགལ་ཐབ་པར་བྱོར་། ནས།། མ་མས་སུ་མ།། དེནས་ཁྱོད་པ་འ་མིས། གའཛིན་པམ་མས་། གནསཔ
350b5 འཛམ་བུ་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་གཞོམ་པར་བསྟན། གསུམ་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པར་བསྟན། བཞི་པས་རི་བོ་ཐམས་ཅད་ཁྱུར་མིང་དུ་བཟའ་བར་བསྟན། ལྔ་པས་ཉི་ཟླ་གོས་སུ་གོན་པར་བསྟན། དྲུག
350b6 པས་དམ་ཆོས་ཐམས་ཅད་ཆུ་བོ་ཆེན་པོ་ལ་དབོ་བར་བསྟུན། བདུན་པས་སངས་རྒྱས་ཐམས་ཅད་དུར་དུ་གཞུག་པར་བསྟན་ནོ།། ཨཱ་ཨ། གདོང་ཅིག་གསང་བའི་བདག་པོ་ངས།། ཁྱེད་ལ་ལེགས་པར་བསྟན་པར་བྱ།། བཛྲ་སཏྭ་གྷུ་རུ་པ་ལ་པྲ་བེ་ཤ་ཡ།། མ་རིག་ཏུ
350b7 པའི་ཁ་འབྱེད་ཉི་མའི་འོད་པོ་ཆེ།། ཀུན་ལ་སྙོམས་པའི་ཟེར་ལྡན་བྱམས་ཐུགས་ཅན།། དཔག་བསམ་ཤིང་བཞིན་ཟད་མེད་ཡིད་བཞིན་གཏེར།། དགོས་དགུ་ཕུན་སུམ་ཚོགས་པའི་སྲིད་གསུམ་གཉེན།། ཐུགས་རྗེའི་ཞགས་པས་རིགས་དྲུག་སེམས་ཅན་འཆིང་།




iiif viewer powered by OpenSeadragon

350a - 351a

Texts on this page

Gdg004.20 - rdo rje srin po rno ba rdo rje mchu can gyi rgyud ces bya ba / rgyud thams cad kyi snying po 'khor ba dong sprug chen po'i rgyud