| | e-texts navigator
|
350a1 པའི་རིན་ཆེན་སྦུབས།། སྤྱན་གསུམ་གཅིག་ཏུ་འཁྱིལ་བ་ནི།། ཡེ་ཤེས་མིག་གཅིག་དྲི་མ་མེད།། གྲོལ་བའི་དགོངས་པ་མཐར་ཕྱིན་པའོ།། ཆོས་ཀྱི་མཐའ་ལས་གྲོལ་བའོ།། སངས་རྒྱས་ལ་ནཱི་ཡུལ་མེད་དོ།། ཡ་ཤེས་ལ་ནི་ཆོས་མེད་དོ།། འབྲས་བུ
350a2 མེད་དོ།། དགོངས་པ་དེ་ལ་ཐུན་མེད་དོ།། ཡང་དག་མཐར་ལས་གྲོལ་བ་ཡི།། མི་བསྐྱོད་སྟོབས་ཀྱིས་གཅོད་བྱེད་པས།། མྱ་ངན་འདས་ལ་གོམ་པ་གཅིག། གསུམ་རྫོགས་མཐར་ཕྱིན་ལྔ་ཉིད་དག། མཐར་རྫོགས་གཅིག་པུ་ལྷུན་གྱིས་གྲུབ།། རང་བཞིན་མ་བཅོས་ཇི་བཞིན་གནས།། རྡོ་རྗེའི་གད
350a3 ལ་གྲུབ་མཐར་ཕྱིན།། ཞེས་གསུངས་སོ།། དེ་ནས་ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དང་། འཇམ་དཔལ་དང་། མཁའ་འགྲོ་མ་ཟ་བྱེད་ཤཱན་ཏི་ཐོད་པའི་ཕྲེང་བ་ཅན་དང་། རྡོ་རྗེ་ཁྲོ་གདོང་མ་དང་། ནམ་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་དང་། གཙུག་གི་རྒྱན་གཅིག་མ་དང་། བུ་ར་ཎ་ཉེ་བར་ནི
350a4 ག་དང་། རིག་པ་འཛིན་པ་རྣམས་དགྱེས་ཏེ། བཅོམ་ལྡན་འདས་ལ་བསྟོད་པ། གཞི་སྣང་ཆེན་པོའི་གནས་ལུགས་ཀྱིས།། ཡང་དག་ལྟ་བ་གཏན་ལ་ཕེབས།། མ་རིག་འཁྲུལ་པའི་བྱང་ཚུལ་གྱིས།། སེམས་ཅན་སངས་རྒྱས་དང་དུ་ཤར།། འཁྲུལ་པ་ལོག་པའི་གྲོལ་ཚུལ་གྱིས།། རྡོས་བཅས
350a5 ལ་ལས་གྲོལ་པ་ནི།། རང་དངས་དག་པ་ཆེན་པོར་གསལ།། ཤ་ཁྲག་ལུས་ལས་གྲོལ་བ་ནི།། རིན་ཆེན་གསང་པའི་སྐྱབས་སུ་གསལ།། དྲན་རྟོག་སེམས་ལས་གྲོལ་བ་ནི།། རིག་པ་རང་དངས་ཆེན་པོར་གསལ།། ཐིག་ལེ་རང་འདས་བཅུ་གཉིས་ཀྱིས།། དུས་བཞི་སྣང་བས་རིན
350a6 པར་ཕྱེ།། དེ་བཞིན་གཤེགས་པའི་ཆོས་ལྔ་ཡིས།། མ་བསྐྱོད་མཁའ་ལ་དེ་བཞིན་གཤེགས།། བྱང་ཆུབ་སེམས་དཔའི་ཆོས་དྲུག་གིས།། ཡུལ་སེམས་ལུས་དག་བྱང་ཆུབ་སྐུ།། ངེས་པའི་དོན་ལ་བདག་ཅག་འདུད།། ཅེས་བསྟོད་ནས་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར
350a7 བསྟོད་དོ།། རྫོགས་པ་ཆེན་པོ་ཐིག་ལེ་གསང་བའི་ངེས་རྒྱད་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲརྦཀྵ་ས་ཏཱིཥྛ་བ་ཛྲ་ཥྚྲཱི་ཏྟནྡནཱ་མ། བོད་སྐད་དུ། རྡོ་རྗེ་སྲིན་པོ་ནོ་བརྡོ་རྔ་མཆུ་ཅན་གྱི་རྒྱུད་ཅེས་ཀྱ་བ། རྒྱད་ཐམས་ཅད་ཀྱི་སྐྱེ
iiif viewer powered by OpenSeadragon
349b - 350b