e-texts navigator
Collection
Volume
Page
Wylie

349a1 ཚུལ་ཕྱི་ནང་མེད་པར་སྣང་།། རྒྱང་ཞགས་ཚུལ་འོད་གསལ་བ།། རྟགས་ཀྱི་ཡེ་ཤེས་ཚོན་ག་བ།། མི་འགྱུར་བ་ཡི་བལྟ་བ་ཡིན།། རྟགས་ཀྱི་ངོ་སྤྲོད་ཡིད་ཆེས་འགྱུར།། རྡོ་རྗེ་སེམས་དཔའི་མེ་ལོང་ནི།། མ་བྱས་པ་ཡི་ཆོས་ཡིན་ཏེ།། རབ་དང་ཡེ
349a2 གསངམ་པ་ཡིན།། ས་ཀྱཻ་མེ་ཀྱིས།། ཆོས་སྤང་གནས་རྟོགས་ཤིང་།། རྫོགས་པརྩོན་པའི་དགངས་ཚད།། སེམས་དང་ལ་ག་ནམ་པ་།། སེམས་ཀྱི་མཽ་དུགས་མེན་ཏེ།། བཟུགས་པའི་གནས་ན་ག་ལ།། དྷཱུ་བའི་གན་ནིམཁྱེན་པ་ལ།། ཛྙཱན
349a3 ཁ་དང་སྣ་བུག་གཉིས།། སྐྱོན་ནི་འཁོར་བའི་ཆོས་སུ་སྣང་།། དེ་ཡི་ཡུལ་ནི་འཁྲུལ་པ་སྟེ།། མ་དག་འཁྲུལ་པའི་སྣང་བ་ཡིན།། གཟིགས་པའི་སྤྱན་ནི་ཤེས་རབ་པོ།། རྟོག་བཅས་དོན་དཔྱོད་ཤེས་རབ་ཅན།། ཡེ་ཤེས་ངོ་བོ་གསུམ་བརྩེགས་ཡིན།། ཡེ་ཤེས་བཞུགས་གནས
349a4 ཙེཏྟ་ཡིན།། ལམ་ནི་དར་དཀར་སྐུད་པ་སྟེ།། དེ་ཡི་སྒོ་ནི་སྤྱན་ལམ་འཆར།། ཡོན་ཏན་སྐུ་དང་ཡེ་ཤེས་སོ།། ལོངས་སྤྱོད་རྫོགས་པའི་ངོ་སྤྲོད་ནི།། འདྲ་འབག་མཆེད་སྐུ་གཉིས་ལ་སྤྲད།། ལོངས་སྐུ་ལྔ་ལྡན་དོ་སྤྲོད་ཀྱིས།། ལོངས་སྐུ་དང་གནས་དོན་རྟོགས་ཤིང་།། མ་ཧཱ་ཡོ
349a5 གའི་དགོངས་པ་ཆོད།། སྦྲུལ་སྐུ་འོད་འཁྱིལ་ངོ་སྤྱོད་ཀྱིས།། སྐུལ་སྐུ་དང་གནས་དོན་རྟོགས་ཤིང་།། ཨ་ནུ་ཡོ་གའི་དགོངས་པ་ཆོད།། སྐུ་གསུམ་འདུ་འབྲལ་མེད་པ་ནི།། ཉི་མའི་སྙིང་པོ་གཉིས་ལ་སྐད།། འདུ་འབྲལ་མེད་པའི་རྡོ་སྤྱོད་ཀྱིས།། དབྱེར་མེད་རང་གིས་རང
349a6 རྟོགས་ཤིང་།། རྫོགས་ལྡན་ཆེན་པོའི་དགོངས་པ་ཆོད།། རང་བཞིན་གནས་པའི་བར་དོ་ལ།། རང་རིག་ལྟ་བས་ཟུག་བཅད་དེ།། དེ་ལྟར་ཤེས་ན་ཐེ་ཚོམ་ཆོད།། བློ་ཡི་ས་ཐེ་ཚོམ་བཅད་པ་མིན།། གྲོལ་བའི་དགོངས་པ་དམ་པ་ཡིན།། ཐེ་ཚོམཆོད་པས་བློ་ལས་གྲོལ།། བལྟར
349a7 མེད་བལྟ་བའི་གདེང་ལ་གནས།། བགྲོད་མེད་ལུས་ངག་བྱ་བ་གློད།། རྩ་དང་རླུང་གི་དག་སྒོ་བསྡམས།། རྒྱལ་པོ་གདན་ལ་གཞག་པར་བྱ།། བློན་པོ་བཙོན་དུ་གཟུང་བར་བྱ།། དམངས་རྣམས་ཆམ་ལ་དབབ་པ་དང་།། སྲོད་ལ་དབང་པོ་གནད་དུ་བསྡུ།། ནམ་ཕྱེད་ཤེས་པ་བུམ་པར




iiif viewer powered by OpenSeadragon

348b - 349b

Texts on this page

Gdg004.19 - rdzogs pa chen po thig le gsang ba de kho na nyid nges pa'i rgyud