| | e-texts navigator
|
348b1 པར་ཤེས་པ་དྲུག་དང་ལྡན།། རྫོགས་ལྡན་དགངས་པ་སྦྱོར་བ་གསུམ།། སྤྱན་གྱིས་ཡང་གཟིགས་མང་ལ་སྟང་།། ཐད་ཀ་རང་ལ་གསལ་བ་དང་།། ཐུགས་ཀྱི་གང་འདུལ་ལས་མཁྱེན་གཟུགས།། རྒྱ་གྲཱམ་པདྨའི་ཁ་སྦྱོར་གྱིས།། ཆོས་ཉིད་འདང་ཆོས་ཅན
348b2 ཨཿ། ཡེ་ཤེས་ཧ་དང་ཤེས་རབ་ཤ།། ངོ་བོ་མི་འགྱུར་ས་དང་ནི།། མཉམ་པ་ཉིད་ཀྱི་ཡི་གེ་མ།། ཞལ་སྦྱར་ཡིག་དྲུག་རྡོ་རྗེའི་སྒྲ།། དཀར་དམར་སྲད་བུ་འོད་དུ་འགྲོ།། ལས་དག་གང་ཟག་སྤྱན་ལ་འཇུག། ཐིག་ལེ་གསུམོ་རུ་འདུ་འབྲལ་མེད།། འབྲེལ་བ་དྲུག་ནེ
348b3 ཡེ་ཤེས་རླུང་།། རིག་པ་བྱང་སེམས་རྒྱ་བ་གསུམ།། ཀུན་རྫོབ་བྱད་སེམས་གནས་པ་གསུམ།། རྒྱུ་དང་འབྲས་བུ་བསྒོམ་པ་གསུམ།། འདུག་ཚུལ་སྣང་ཚུལ་གནས་པ་གཅིག། འཆི་ཀ་གསུམ་དུ་འཇུག་པ་ག་ཅེས།། རྒྱུད་ལུང་མན་ངག་འཁོར་ལོ་བསྐོར།། རྟོགས་པས
348b4 བདག་སྒྲོལ་སྲིད་པ་ཤར།། རྗེ་བློན་དམངས་ཀྱི་དཔེ་རུ་བཞག། དམ་པའི་ལྷ་གནས་རྣམ་གསུམ་དུ།། བརྡའ་སྦྲ་ངས་པའི་འཁོར་ལོ་བསྐོར།། རིན་ཆེནི་དབུས་སུ་མྱ་ངན་འདས།། དགོངས་བརྡའ་དག་གི་བརྒྱད་པར་གྱུར།། རྣམ་རྟོག་མཐུས་བརྙས་བག་ཆགས་སྦུབས།།
348b5 རིན་ཆེན་སྟུག་པོའི་གཞལ་ཡས་ནི།། རིག་པ་རྟོག་མེད་ཆོས་ཀྱི་སྒྲ།། དག་པའི་རྒྱལ་ཤར་འོད་ལྔའི་གྲོང་།། རིགས་ལྔའི་སྐུར་བཞུགས་ལོངས་སྤྱོད་རྫོགས།། ཐུགས་རྗེ་འོད་གསལ་རང་བཞིན་ཏེ།། རང་གི་ལུས་ལ་ཁྱར་པར་གནས།། དེ་ནི་སྤྲུལ་པའི་སྒྲ་ཞེས་བྱ།། དབོ་སྟོང་པའི
348b6 དང་གནས་པ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། འགགས་པ་མེད་པར་འོད་གསལ་བ།། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན།། དེ་དང་མ་བྲལ་མཉམ་པ་ཉིད།། ཤེས་རབ་མ་འགག་ཆོས་རྣམས་མཁྱེན།། སོ་སོར་རྟོགས་པའི་ཡེ་ཤེས་ཡིན། ཚིག་ག་ག་ཅན།། བྱ་བ་གྲུབ་པའི
348b7 ཡེ་ཤེས་ཡིན།། མངོན་དུ་མ་གྱུར་ཆ་ལྔ་ཡིན།། ཟུར་གསུམ་སྐུ་གསུམ་རྟགས་ཡིན་ཏེ།། དཀར་སྨུག་རྟག་པ་འོད་ཀྱི་རྟགས།། རྩ་བཞི་ཡེ་ཤེས་བཞི་རུ་བསྟན།། མ་འཁྲུལ་པ་ཡི་སངས་རྒྱས་ཏེ།། དོན་གྱི་ངོ་སྤྲོད་ཟག་ཆོད་ཡིན།། འདུག་ཚུལ་འོད་དུ་འདུག་པ་ལ།། སྡང
iiif viewer powered by OpenSeadragon
348a - 349a