e-texts navigator
Collection
Volume
Page
Wylie

347b1 ནཔ་པ་དབྲལ།། ལནམ་མང་པའི་ལུས་དངས་ངས།། གས་དང་གསྦྱིན་པ་ཡིན།། མཐང་ཀྱང་བ་ཡུལ་མནང་བས།། མམ་ཏིད་མ་དང་ཐད་པ་ཡིན།། ཤས་མ་མྱོང་བར་གཏམགས་པས།། རང་ས་དུས་ངག། པ་ན
347b2 འདི་ས་གསོལ།། མཉམ་པའི་རྒྱལ་པོ་ཀུན་རིག་ཆོས་ཀྱི་རྗེ།། འོག་མིན་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་སེམས་དཔའ་རང་སེམས་རྟོགས་བྱའི་ཕྱིར།། བླ་མེད་ངོ་མཚར་ཆེ་བའི་སངས་རྒྱས་འདི།། རྩ་བ་བཅད་པས་སངས་རྒྱས་སེམས་ལས་ཙྪན
347b3 སེམས་ཀྱི་བསམ་པ་བདག་ལ་བསྟན་དུ་གསལ།། རིགས་ལྔ་བདེ་བར་གཤེགས་པས་བཀའ་སྩལ་བ། སེམས་པས་སངས་རྒྱས་དད་པ་ནི།། མཱ་ག་སུངས་མ་གསང་གསུང་མི་འགྱུར།། མ་གསུངས་པ་ཉིད་ཀྱི་ཆེར་བཤད།། མི་བསྐྱོད་པ་ཉིད
347b4 བཞིན་གཞི།། ཐུགས་ལ་ཞིམ་བཞི་ཤར་བ།། སྔ་གསུམ་ཡེ་ཤེས་རྩཝ་ལྡན་པས།། ངན་གྱིར་སྤྱོད་པ་དམས་པར་བཞག། རིན་འབྱུང་དོན་ནི་དྲི་བཞིན་མ།། ཐུགས་ལ་འོད་ལྔའི་སྤྲོ་བབྱུང་།། ཀུན་ལ་ཐིམ་པས་རྟགས་སུ་བཞག། སྣང་མ་པའི་དབྱ
347b5 ནི་ཇི་བཞིན་མ།། དངོས་སུ་ཤེལ་གྱི་མཆོད་རྟེན་བབས།། རྡོ་རྗེ་སེམས་དཔའི་མེ་བང་སྟེ།། དཔེ་ཡི་ཡེ་ཤེས་ཡོངས་སུ་སྤྲོས།། དོན་གྲུབ་བླནི་དེ་བཞིན་མ།། ཕྱག་རྒྱ་ལྔ་ཡི་འཁོར་ལོ་ལས།། དངས་ཕྱོགས་འབྱེད་དང་སྲོག་འཛིན་པ།། སྙིང་རྗེ་མེད་པའི
347b6 རླུང་བསྐྱོད།། སེམས་དང་ཡེ་ཤེས་ཁྱབ་གྱེས་པས།། སེམས་ནི་ནམ་མཁར་དྭངས་ཤེས་བྱ།། ཡེ་ཤེས་འོད་དུ་འཆར་ཞེས་བྱ།། སྣང་བ་ལྔ་དང་ལམ་ལྡང་དེ།། ང་བོ་ཐུགས་རྗེས་རྒྱུན་ཐོགས་པ།། ཉི་ཤར་སྔོན་མ་ཐོགས་པ་བཞིན།། ཆོས་ཉིད་པར་དེའི་སྤང་དུ
347b7 འཆར།། ཡེ་ཤེས་ངོས་གཟུང་གདམས་ངག་བྱ།། དབང་པོ་རབ་ལ་བར་དེ་མེད།། འདུག་དང་སྣང་དང་ཤེས་ལས་གྲེལ།། མཐར་ཕྱིན་པ་རྣམས་དུས་མཚུངས་གཅིག། དབང་པོར་བ་འོག་སྐད་ཅིག་དྲུང་།། དང་པོ་འཁོར་བ་དོད་ནས་དྲུག། གཉིས་པ་རྡ




iiif viewer powered by OpenSeadragon

347a - 348a

Texts on this page

Gdg004.19 - rdzogs pa chen po thig le gsang ba de kho na nyid nges pa'i rgyud