e-texts navigator
Collection
Volume
Page
Wylie

338b1 གསང་བའི་དབྱིངས་ནས་རང་བྱུང་བ།། སྟོབས་ཀྱི་བདག་པོ་རྡོ་རྗེ་འཆད།། ལགན་རྫོད་བ་ཆེ།། ལོག་ལྟ་ཤུགས་ཀྱིས་བསྒྲལ་བར་བྱོས།། ཞེས་བརྗོད་ནས། རང་བྱུང་གི་བཅོམ་ལྡན་འདས་ནི་སྙིང་པ་བྱང་ཆུབ་དུ་འབྲལ་མེད་པར་བཞུགས་པ། ཕྱོགས་བརྡུ་དུས
338b2 གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་རང་བཞིན་རྣམ་པར་དག་པའི་སྒྲ། ཐུགས་རྡོའི་འོད་ཟེར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འདིག་རྟེན་གྱི་ཁམས་མ་ལུས་མེ་ལུས་ལུས་པ་མེད་པར་བཞུགས་པ།། སྡུག་སུང་ཐུགས་ཚངའི་ཡོན་ཏན་རྨད་དུ་བྱུང་བས
338b3 སངས་རྒྱས་ཐམས་ཅད་ཀྱི་སྤྱི་ཕྲད་ཀྱི་སྟོང་ཆེན་པོར་གྲགས་སོ།། སྐུ་རྨད་དུ་བྱུང་བས་སྐྲའི་དཀྱིལ་འཁོར་གསང་བརྨད་དུ་བྱུང་བ་དང་། གསུང་རྨད་དུ་བྱུང་བས་གསུང་གི་དཀྱིལ་འཁོར་རྨད་དུ་བྱུང་བག་སང་རིག་པའི་ཁྭ་བྱུག་སྡིག་པ་དང་། ཐུགས་རྨང་དུ་བྱུང་བས་ཐུགས་ཀྱི
338b4 དཀྱིལ་འཁོར་མཁྱེན་པས་གཟིགས་པའོ།། ཐུགས་རྗེ་ཆེ་བ། ཐབས་མཁས་པ། སྟོབས་ཀྱིས་ཕ་རོལ་དཔུང་འཇོམས་པ། ཤེས་རབ་ཟབ་མོ་རིག་པའི་གྲོང་ནས་འཆར་བས་ཆོས་ཐམས་ཅད་དེ་བཞིན་བྱེད་ལ་སྦྱོར་བ། གསང་བ་ཤཱ་ན་མེད་པ། ཐུན་མོང་མ་ཡིན་པ། བལྟ
338b5 བཁྱད་པར་གྱི་ཡེ་ཤེས་རྫོགས་པ། འབྲས་བུ་ཐཱ་ན་བྱེད་པ་རྒྱུད་ལ་སྦྱིན་པ། འབྱེད་པ་མེད་པར་གྲོང་གཅིག་ཏུ་འཁྱིལ་པ། ཤེས་བཞིན་དུ་མི་གནས་པ། མ་ཡིན་པ་ཐམས་ཅད་ཡིན་པར་སྦྱོར་བ། ཡིན་པ་ལ་བདག་མེད། ཆེ་བའི་ཡེ་ཤེས་དཔག་ཏུ་མེད་པར་གནས་པ།
338b6 ཆོས་ཐམས་ཅད་ལ་འབྱེད་པ་མེད་པའི་ཤེས་རབ་ཟབ་རྒྱ་ཀློང་ཡངས་པ་དེ་ནི་རང་བྱུང་གི་ཡ~ཾ་ཤེས་རྐྱེན་པོ་རང་སྣང་བའོ།། སྟོང་གསུམ་གྱི་སྟོང་རྟེན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི། ངའི་ནབས་གཡོན་པའི་མཐེ་བོའི་འོག་ཏུ་ནན་ཏེས་སྡུས་སོ།། འཁོར་བ་དང་མྱ་ངན་ལས
338b7 འདས་པའི་ཆོས་ཐམས་ཅད་ནི། ངའི་ཞེས་བ་ཟབ་མོབ་པ། དཀའ་བ་མེ་ཏོག་སུ་པྲ་ཏ་འབྲུ་ལོག་པར་འཐུས་མོ།། ཇི་གྲོ་རིགས་དྲུག་གི་སེམས་ཅན་མལུས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ནི། ངའི་ལག་པ་གི་ཡོན་པའི་མཐི་ལ་དྲབ་ཞག་ཏེ།




iiif viewer powered by OpenSeadragon

338a - 339a

Texts on this page

Gdg004.17 - ye shes bla ma chen po'i rgyud