| | e-texts navigator
|
333a1 སྟོབས་ས་གཏུགས་པ་དང་། ང་མྱོ་གཏུགསུ་པ་དང་།། འནས་ནའ་གདང་གཏུགས་པའོ།། ལྡན་བདུགགས་གྲོང་གྲོལ་བ་ལགཉིས་ཏེ། ཡུལ་གྱི་མ་ཤས་ང་བ་དང་། ནང་དུ
333a2 སྣོང་བརྟོལ་བ་གཉིས། ཡུལ་གྲི་ལྕེ་ཤེས་ཀྱི་ཀློང་བརྟོལ་བ་ནི། ཡེ་ཤེས་ལྔ་སྟེ། དེ་ལྟར་ནི་ལྡན་བྱ་བ་གྲུབ་པའི་ཡེ་ཤེས་དབྱུང་མེད་དོ།། ཆ་ལྔ་ཡིན། ཡོན་ཏན་གྱི་སྐུའི་ཀློང་བརྟོལ་བ་ལག་ཉིས་ཏེ། བཞིའི་འཇུག་ཚུལ་བསྟན་པ་དང་། ཡིན
333a3 གྱི་རྣམ་གྲངས་བསྟན་པའོ།། གཞིའི་འདུག་ཚུལ་བསྟན་པ་ལ་གཉིས་ཏེ། ང་ཅི་། ཡོན་ཏན་གྱི་རྣམ་གྲངས་བསྟན་པ་བརྒྱད་དོ།། སེམས་ཀྱིག་དང་ཤ་བཅད་པ་ལ་གསུམ་སྟེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་ག་དང་ཤི་བཅད་པ་དང་། ཆོས
333a4 སྤྱི་དང་རང་གི་མཚན་ཉིད་ཀྱིས་ཐེ་ཚོམ་གྱི་གདང་ཤ་བཅད་པ་དང་། ལམ་གྱི་ཡེ་ཤེས་ཀྱིས་ལམ་དང་ཡེ་ཤེས་ཀྱི་གདང་ཤ་བཅད་པའོ།། མན་ངག་གི་རྫོང་ཆེན་པོ་གསུམ་ལ། འབྲས་བུའི་གཏེར་ཆེན་པོ་གསུམ་སྨྲ་སྟེ། བྱང་ཆུབ་སེམས་ཀྱི་རྫོང་ལ་ཐིག་ལེ།
333a5 ལྐོག་གཅིག་གི་གཏེར་སྒྲ། ཐིག་ལེ་གྱི་ནང་གི་རྗོད་ལ་ཀུན་བཟང་རོལ་པའི་གཏེར་སྒྲ། ཡིད་ཀྱི་རྣམ་ཤེས་ཀྱི་རྫོང་ལ་རང་བྱུང་ཡེ་ཤེས་ཀྱི་གཏེར་སྲ་སྟེ་མཉམ་པ་ཆེན་པོ་མི་གཡོ་བའི་རྒྱུས་བཏབ་བོ།། བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ། སློབ
333a6 དཔོན་ཆེན་པོ་རོ་ལངས་བདེ་བས། ཆུ་བོ་ནི་ཙཱ་ཉྫནའི་འགྲམ་ན། ཤིང་ཆེན་པོ་བཞི་འདུས་པའི་གནས་སུ། བྱང་ཆུབ་སེམས་དཔའ་འཇམ་དཔལ་བ་ཤེས་གཉེན་ལ་བདཀའ་སྩལ་ཏོ།། སྟོང་ཐུན་བྱེ་མ་གཞི་ཆུང་ཤོས་ལས་མན་ངག་ཏུ་བསྟན་པ་སྟེ་ལའུ
333a7 བདུན་པའོ།། ། རྒྱ་གར་སྐད་དུ། བུདྡྷ་བ་ཤྩ་ནྡྷ་བ་བཱ་ད་ནི་ཀྵེ་བ་ནཱ་མཾ། བོད་སྐད་རྗེ། སངས་རྒྱས་ཀྱི་དུད་ལྔ་གདམས་པར་བཞག་པ་ཞེས་བྱ་བ། བྷ་ག་བཱན་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ།། ཐོག་མ་འདས
iiif viewer powered by OpenSeadragon
332b - 333b