e-texts navigator
Collection
Volume
Page
Wylie

332b1 སངས་རྒྱས་ལ་ལམ་མཱ་ད་དཱ།། རྦསྟུ་དགྲོད་པར་བྱ་བའི་མཐའ་ལས་འདས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཚོགས་བསག་ཏུ་མེད་དོ།། རྦ་སྟ་དངོས་པོའི་མཚན་མ་གང་ལ་ཡང་མི་གནས་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྒྲིབ་པ་སྲུང
332b2 དུ་མེད་དོ།། ཅི་བྷ་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་དོ།། ཞེས་རྡོ་རྗེ་སེམས་དཔའ་རིན་པོ་ཆེ་ཟ་མ་ཏོག་སྔགས་མའི་མན་ངག། རྡོ་རྗེ་ཐུགས་ཀྱི་ཏིང་ཁུར་གྱུར་པའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། ། དྲུ་གར་སྐད་དུ། བོ་དྷ་ཙེཏྟདུ་ཐཱ
332b3 བོད་སྐད་དུ། བྱང་ཆུབ་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཆེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ལ་བཞི་སྟེ། གཞི་ཡི་གནས་ལུགས་བསྟན་པ་དང་། དེ་ལ་འཁྲུལ་པ
332b4 འབྱུང་བའི་རྐྱེན་བསྟན་པ་དང་། འཁྲུལ་པ་བཟློག་པའི་ཐབས་བསྟན་པ་དང་། རང་གི་དཔེ་ལ་འབྲས་བུ་དང་བཅས་པར་བསྟན་པའོ།། དེ་ལ་གནས་ལྤགས་ལ་དྲུག་སྟེ། རྒྱས་ཀྱི་སྒྲའི་གནས་ལུགས་དང་། རང་བྱུང་ཡེ་ཤེས་རྐུན་པོའི་གནས་ལུགས་དང་།
332b5 སྒོར་གནས་ལུགས་དང་། གསུང་གི་གནས་ལུགས་དང་། ཐུགས་ཀྱི་གནས་ལུགས་དང་། དབྱིངས་ཀྱི་གནས་ལུགས་སོ།། རྐྱེན་བསྟན་པ་ལ་བཞི་ལས། བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་དང་། ཐུགས་ཀྱི་ཉིང་ཁུར་བལྟ་བའོ།།
332b6 འཁོར་བ་བཟློག་ན་གཞི་ནས་བཟློག། མ་རིག་པ་ཉིད་རྩད་ནས་བཅད། རང་རིག་དང་པོ་སོ་ལ་བཞག་ཅེས་འབྱུང་སྟེ། དེའི་དོན་ལ་བདུན་ཏེ། ཆོས་ཀྱི་མཐར་གཏུགས། མན་ངག་གི་ཀློང་བརྟོལ། སེམས་ཀྱི་གདར་ཤ་བཅད། ལམ་གྱི་རོ་བསྟན།
332b7 གྱི་མཐའ་བས་ལ། སྤྱོད་པའི་གདེང་དུ་གཞུག། འབྲས་བུ་མེད་པར་ཐག་བཅད་དོ།། དེ་ལ་ཆོས་ཀྱི་མཐར་གཏུགས་པ་ལ་ཇུག་སྟེ། སྐུའི་ངོ་བོར་གཏུགས་པ་དང་། དབྱིངས་ཀྱི་མུར་གཏུགས་པ་དང་། ཀྱུའི་ངོ་བོར་གཏུགས་པ་དང་། @




iiif viewer powered by OpenSeadragon

332a - 333a

Texts on this page

Gdg004.16 - rdo rje rtse mo 'dus pa'i rgyud