e-texts navigator
Collection
Volume
Page
Wylie

332a1 དང་སེམས་ཅན་རྒྱབ་གྱིས་ཏེ་བསྟན་པ་གནས་སོ།། ཐོག་མའི་སངས་རྒྱས་འོད་ཀྱི་སྐུར་སྣང་། བར་གྱི་སངས་རྒྱས་ནམ་མཁའ་ལྟ་བུར་སྣང་། གྱིས་འབྱུང་གི་སངས་རྒྱས་གཟུགས་ཀྱི་སྐུར་གནས་སོ།། དེ་རྣམས་ཀྱང
332a2 དོན་སོ་སོ་ཐ་མི་དད་དོ།། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་དང་བཅས་པ། དང་པོ་འོད་དཔག་མེད་པ་ལས་བྱུང་། མི་བསྐྱོད་པའི་བསྐལ་པ་ཆགས། འོད་སྲུངས་ཀྱི་བསྐལ་པ་ལ་གནས་སོ།། བསྐལ་པ་གསུམ་དུ་གནས་མོད་ཀྱང་། སྙིང་པོའི་དོན་ལ་འགྱུར
332a3 བ་མེད།། རྡོ་རྗེ་ལྟ་བུའི་སྐུ་བརྙེས་པས།། བཅོམ་ལྡན་རྡོ་རྗེ་དབྱིངས་མི་བསྐྱོད།། རང་བྱུང་ལྷན་རྫོགས་སྐུ་གསུང་ཏུགས།། སྐུ་གཅིག་ཀུན་ཏུ་ཁྱབ་པའི་སྐུ།། ཉི་མའི་སྙིང་པོ་ལྟ་བུར་གནས།། མན་ཤེལ་ལྟ་བུར་རང་དག་པས།། སྣང་བའི་བྱེ་བྲག་སྔར་མོད་ཀྱང་།།
332a4 རང་གི་ངོ་བོ་འགྱུར་བ་མེད།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིང་།། རྣམ་པར་དག་པའི་སྐུ་བདེ་བ་ཆེན་པོ་ལ། ཡེ་ཤེས་ཀྱི་ཐོགས་བྱར་མེད་དོ།། རང་རིག་པའི་ཡེ་ཤེས་དངོས་པོའི་མཐའ་ལས་འདས་པས། ཉོན་མོངས་པའི་རྣམ་ཏོག་གིས་སྒྲིབ་པ་མེད་དོ།། རང་གི་ངོ་བོ
332a5 ཤེས་བྱ་བ་བ་ཀྱིས་གྲུབ་པ་ལ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བསྟོད་དུ་མེད་དོ།། ཀ་ནས་དག་པའི་ཡེ་ཤེས་དང་སྣང་བ་ལ། བསླད་པར་བྱ་བའི་ཆོས་མེད་དོ།། ཐབས་ཀྱི་རྒྱལ་པོར་སྟོབས་ཀྱི་རིག་པ་ཤར་བས། ཆེ་བའི་ཡོན་ཏན་གཞན་གྱིས་དཔག་ཏུ
332a6 མེད་དོ།། ཤེས་རབ་ཟབ་མོ་ཆུ་བོ་གང་གཱའི་རྒྱུན་བཞིན་མི་འཆད་པས། ཐུགས་རྡུལ་དབྲི་བཀྲོལ་མེད་དོ།། རིག་པ་ཡེ་ཤེས་སུ་གསལ་བས། དུས་གསུམ་གྱི་སངས་རྒྱས་དང་དབྱེར་མི་ཕྱེད་དོ།། སྙིང་རྗེ་སྣ་ཚོགས་སུ་སྣང་བས། ཁམས་གསུམ་སེམས་ཅན
332a7 དང་འབྲེལ་ལོ།། རྒྱུ་འབྱུང་བ་ཆེན་པོ་ལྔམ་སྤྲིངས་གནས་སུ་དག་པས། སྣོད་བཅུད་ཀྱི་གསོས་བྱས་སོ།། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ཡང་དག་རྫོགས་པའི་སངས་རྒྱས་པ་ཆོས་མེད་དོ།། ཅི་སྟེ་ངན་སོང་གི་མཐའ་ལས་གྲོལ་བའོ།། ཡང་དག་པ་རྫོགས་པ




iiif viewer powered by OpenSeadragon

331b - 332b

Texts on this page

Gdg004.16 - rdo rje rtse mo 'dus pa'i rgyud