| | e-texts navigator
|
331a1 ཀུན་བྱགང་བ་།། འཁོར་བ་དང་བཞིན་མེད་པས་ན།། འཇམ་དཔལ་ཡེ་ཤེས་རྣས་པ་ལན།། བརྗོད་དུ་མེད་པའི་དོན་ཤེས་ན།། འཇམ་དཔལ་ཡ་ཤེས་འདས་བྱ་ལྡན།། མན་ནམ་ང་ས
331a2 ཤེས་ན།། འཇམ་དཔལ་ཡེ་ཤེས་འདུས་པ་ཡིན།། ཆོས་ལ་བློ་ནི་མི་གནས་ན།། འཇམ་དཔལ་ཡེ་ཤེས་འདུས་པ་ཡིན།། ཞེས་འཇམ་དཔལ་ཡེ་ཤེས་འདུས་པས་བཀའ་སྩལ་ཏོ།། དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ
331a3 ཀྱིས་ཞུས་པ།། ལེགས་སོ་དཔལ་ལྡན་མགོན་པོ་ཆེ།། བྱམས་པའི་ཐུགས་རྗེ་མ་བྲལ་བས།། ས་གཞི་ལྟ་བུའི་ཡེ་ཤེས་སྐུ།། སྙིང་རྗེའི་ཐུགས་རྗེ་མ་བྲལ་བས།། རྒྱ་བོ་ལྟ་བུའི་ཡེ་ཤེས་སྐུ།། དགའ་བར་བྱེད་པའི་ཡེ་ཤེས
331a4 པས།། ཉི་ཟླ་ལྟ་བུའི་ཡེ་ཤེས་སྐུ།། བཏང་སྙོམས་ཐུགས་རྗེ་མ་བྲལ་བས།། ནམ་མཁའ་ལྟ་བུའི་ཡེ་ཤེས་ཧཱུཾ།། སྐུ་བཞི་འདུས་པའི་འཇམ་དཔལ་ནི།། ཐེག་པ་ཀུན་གྱི་སྙིང་པོ་ཡིན།། འགྲོ་བ་ཀུན་ལ་རང་བཞིན་གནས།།
331a5 ལུང་བསྟན་སྐྱེས་བུ་དམ་པ་དེ།། ཡེ་ཤེས་བཞི་ལ་ནཱག་སྤྱད་ན།། བདུད་བཞི་རྣམ་པར་དག་པའི་ལམ།། འཇམ་དཔལ་ཡེ་ཤེས་འདུས་པ་ཡིན།། འཇམ་དཔལ་ཡེ་ཤེས་དྲི་མེད་སྐུ།། རང་བཞིན་ལྷུན་གྱིས་ཐུབ་པའི་ཕྱིར།། བསྒོམ
331a6 པའི་ཚིག་དང་བྲལ་བ་ཡིན།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས།། སྤྱོད་པའི་མཐའ་དང་བྲལ་བ་ཡིན།། སྙིང་པོ་རང་ལ་རྫོགས་པའི་ཕྱིར།། གྲུབ་པའི་མཐའ་དང་བྲལ་བ་ཡིན།། ཞེས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་འདུས་པ་ལས།།
331a7 རིན་པོ་ཆེ་སྐྱི་བཅིངས་བལྟ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། རྒྱ་གར་སྐད་དུ། བཛྲ་སཏྭ~ཾ་རཏྣ་ཀ་ར་དྷ་ཀ་སདྷ་མྦྷ་ཡ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་ཟ་མ་ཏོག་སྔགས་མིང་མན་ངག།། བསྐལ་པ་དང་པོའི་སངས་རྒྱས
iiif viewer powered by OpenSeadragon
330b - 331b