| | e-texts navigator
|
310a1 གནས་ཏེ། དེ་ཡང་དཔེར་ན་སྤ་དཀར་ནག་གྲུབ་པ་ལྟར་གནས་སོ།། ཐ་ཐམས་ཅད་ནི་ཟག་པ་བརྐྱངས་པ་ལྟར་གནས་སོ།། ལུས་ཀྱི་བག་ཆགས་ཀྱི་ཀུན་གཞི་ལ། ལས་ཀྱི་དབང་གཙབས་ཚེའི་ཚད་ངེས་པ་མེད་དོ།། དེ་ལ་དབང་སེམས་དྲན
310a2 བྱེད་ཎོཏྟའི་དཀྱིལ་འཁོར་རང་རེའི་ཚོན་གང་འོད་ཀྱི་ཐིག་ལེར་གནས་སོ།། དེ་ཇི་ལྟར་གནས་ན། གསེར་གྱི་སུ་གུར་རིན་པོ་ཆེའི་སེའུ་བཅུག་པ་ལྟར་གནས་སོ།། དེ་ནི་ཆོས་ཀྱི་སྐུའི་གནས་སམ་རྟེན་ཡིན་ཏེ། ཤེས་རབ་ཀྱི་གཏིང་ཟབ་ཅིང་ཕྲ་བ་ཡང་དེའི་ཆ་ལས་འབྱུང་།
310a3 ན་མོངས་པའི་ཡིད་རྒྱུན་འདབ་ལྟར་དུ་འབྱུང་བ་ཡང་། གྲོ་ལྔ་ལ་བརྟེན་ནས་འབྱུང་བ་ནི། ཀུནཱ་གཞི་ལ་སྒོ་ལྔ་བརྟེན་པའི་ཕྱིར་རོ།། དེའི་མཚན་ཉིད་རྟོགས་པར་བྱ་བ་ནི་ཤིན་ཏུ་གཅེས་སོ།། གཉིས་སུ་མེད་པའི་ཡེ་ཤེས་རང་བྱུང་དུ་ཤར་བ་ནི་མ་རྟོགས
310a4 གློ་བུར་རྒྱུད་ལས་བྱུང་བའི་བློས་ལོག་པར་བརྟགས་པ་མ་རྟོགས་པས། སྲིད་པ་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་སྨིན་ནོ།། དེས་ཚེ་རབས་ཐོག་མ་མེད་པ་ནས་བསྔགས་པའི་བག་ཆགས་ཀྱིས་བསྒྲིབས། རྣམ་པར་སྨིན་པའི་རྒྱུ་མཐུན་པའི་འབྲས་བུ་གོས
310a5 དྲེག་གམ། ས་ལ་ཁ་བ་བབས་པ་བཞིན་བརྩེགས་པས།། གཞི་ཆོས་ཀྱི་སྐུ་ལ་ཀུན་གཞི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྲད་དེ། ཤེས་རབ་ཀྱི་གཏིང་ཟབ་ཅིང་ཆ་ཕྲ་བ་ནི་བརྟག་དཀའ། ཉོན་མོངས་པ་རབྱས་ཤིང་ཡུལ་དུ་སྡང་བའི་དབང་གིས
310a6 ཁམས་གསུམ་དུ་འཁོར། རིག་པ་དྲན་བྱེད་ཀྱི་ཤེས་པ་ནི་འོད་ཀྱི་ཚུལ་དུ་གནས་སོ།། ཚད་ནི་ཉད་མིག་ཙམ་མོ།། དེ་ལས་དྲོད་ཀྱི་དངས་མ་ཐུལ་ཙམ། དེ་ལས་ཁྲག་གི་དྭངས་མ་དེ་ལས་དབུགས་ཀྱི་དངས་མ་ཆགས་སོ།། ཁྲག་གི་དངས་མའི་ཁ་དོག་ཀྱང་།
310a7 མཚལ་ལྕོག་ལ་མ་བཅག་པ་འདྲ་བ། ཆེ་ཆུང་གི་ཚད་ནི་བྱེའུ་ལེན་པའི་མགོ་ཙམ་མོ།། དེ་ལ་ཉོན་མོངས་པ་འདོད་ཆགས་རྒྱའོ།། དབུགས་ཀྱི་དངས་མཐོང་ལ་གནས་པ་ནི། དྲོད་ནེ་ཁ་དོག་དང་རྫས་སུ་མ་གྲུབ་བོ།། དྲོད་ཆེ་ཆུང་གི་ཚད་ནི་གསེརས་འོག་ཏུ་བཅུག་པ
iiif viewer powered by OpenSeadragon
309b - 310b