e-texts navigator
Collection
Volume
Page
Wylie

309a1 ལགས། ཞེས་རྡོ་རྗེ་སེམས་དཔའ་ཉིད་ལ་ཉིད་ལུས་སོ།། དེ་ནས་ཡང་རྡོ་རྗེ་སེམས་དཔས་ཆོས་ཉིད་ཀུན་ཏུ་བཟང་བའི་ཀློང་ནས། ཉིད་ལ་ཉིད་ལན་བཏབ་པ། སངས་རྒྱས་ཐམས་ཅད་ཀྱི་ལམ་ནི་གཉིས་དངོས་གཞི་རྣམ་པ་ལྔའོ།།
309a2 མན་ངག་ཐམས་ཅད་ཀྱི་དོན་གྱི་ཐུགས་ནི་སངས་རྒྱས་ཉག་གཅིག་ཏུ་འཇུག་གོ།། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའི་ཚད་ནི་སེམས་རིག་པའི་དབང་དུ་འདུས་པའོ།། རྩོལ་བ་དང་བྲལ་བའི་སྐབས་ནི་མི་མཉམ་པའི་སྤྱོད་པ་ཀློང་དུ་བརྡལ་བའོ།། རྡོ་རྗེ་སེམས་དཔའ།
309a3 ཐུགས་རྣམ་པར་དག་པ་གསུང་ངོ་།། རྡོ་རྗེ་སེམས་དཔའི་མན་ངག་གི་ལུང་ངེས་པ་འདི་ལ་གསུམ་སྟེ། སྙིང་པོ་ལ་སྙིང་པོ་ཤར་བས་སྙིང་པོ་ཁྱབ་གདལ། མི་འགྱུར་བ་ཀློང་ཡངས་པས་མཐའ་དབུས་སུ་བསྐུའོ།། དབུས་རྒྱ་མ་ཆད་པས་འབྲས་བུ་དཀའ
309a4 ཐུབ་དག་པའི་ཡེ་ཤེས་རང་སྣང་ངོ་།། དེའི་ཕྱིར་ཕུགས་གཏིབ་བོ།། རྩེར་ཆིབ་ལྷུན་གྱིས་གྲུབ། འཁོར་བ་ལོགས་ན་མེད། རྩ་བ་ཉག་གཅིག་ཏུ་ཐག་བཅད། རྡོ་རྗེ་སེམས་དཔའི་གསུང་གི་རྣམ་པར་དག་པའོ།། པདྨ་འཁྱིལ་པའི་རྒྱུད་ལས།
309a5 དུས་མཉམ་བདུན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་རྡོ་རྗེ་སེམས་དཔའི་སྐྱེ་རྒྱུད་གསུངས་པ། ཆོས་སུ་མཁའ་འགྲོ་གཟུགས་སུ་མཛེས་དགུར་ལྡན།། གཟུང་འཛིན་རྟོག་མེད་ཅིར་ཡངས་ལེ་མཁྱེན།། ཀུན་མཁྱེན་འགག་མེད་ཡེ་ཤེས་ནམ
309a6 མཁར་འདྲ།། བྱ་ཐབ་ལྡན་རྫོགས་མ་བཅོས་བདེ་བའི་ད་།། ངོ་བོ་ཉིད་ལ་གནས་པ་ཡིན།། མཁྱེན་པའི་ཡེ་ཤེས་སྒྲ་མངའ་བ།། མ་བཙས་མཁོར་འདྲལ་ནརྫོགས་བྱ།། མི་བསྐྱོད་དབྱིངས་ནས་རང་བྱུང་བས།། སངས་རྒྱས་རིན་ཆེན་ན་མ་ཏོག། ཚིག་གསུམ
309a7 འབྱུང་བ་ནིས་ཏུ་ཀྱིས་པ་ཡིན་པ་བྱང་དུ།། བྱེད་པ་ཐབབ་དཔང་ཉིས་པར་བྱུང། ཀྱིས་ས་པ།། འདསས་མ་ཤེས་པའི་ལབས་པང།། ང་འད་འ་བའ་རྫོག་སསུ




iiif viewer powered by OpenSeadragon

308b - 309b

Texts on this page

Gdg004.15 - sku'i rgyud pad+ma 'khyil pa