e-texts navigator
Collection
Volume
Page
Wylie

308b1 ན་བྱས་དཔས་དཔའ་བདག། རྡུལ་མང་རྡུལ་བྲལ་དྲིམ་མེད།། པཎྜ་ལ་ཁྱིལ་པའི་དུད་ལས། མན་ངག་ཆོག་གསུམ་གྱིས་སྒྲ་གསུམ་ཐིག་ལེ་ཉག་གཅིག་ཏུ་བསྐྲུན་པའི་ལེའུཀྱི་ལྔ་པའོ།། ། དེ་ནས་དུས་མཉམ་པ་རྒྱན་པ
308b2 གསུངས་སོ།། འདས་པའི་དུས་མ་བྱོན་པའི་སྔོན་རོལ་ན། སངས་རྒྱས་ཉག་གཅིག་ཅེས་བྱ་བ། ཆུས་མ་བྱས་རྐྱེན་གྱིས་མི་འཇིག་པ། འོད་དང་འོད་ཀྱི་ཚུལ་དུ་གནས་པས་སོ།། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། དང་པོ་གནས་འོ
308b3 སངས་རྒྱས་ལྷག་གཅིག་ནས་འོང་། ད་ལྟག་ན་གནས། ཉོན་མོངས་པ་ལྔ་ལ་གནས། ཟ་མ་གང་དུ་འགྲོ། སངས་རྒྱས་ཉག་གཅིག་ཏུ་འགྲོ། ཡང་དག་པའི་འཁྲུལ་གཞི་བཅད་པ་ཞེས་བྱའོ།། དུས་མཉམ་བདུན་པའི་མན་ངག་ལས། དང་པོ་འཁྲུལ
308b4 ཀིནྡང་ནས་ཆོད་པ་དང་། བར་དུ་འཁྲུལ་པ་གཞི་ལས་ལོག་པ་དང་། ཐ་མ་སངས་རྒྱས་པ་དང་གསུམ་དུ་མཉམ་མོ།། རྡོ་སེམས་དཔས་ཞུས་པ། བདག་སངས་རྒྱས་པས་ཆོག་གམ་ཞེ་ན། མཆོག་སྟེ་ཐུགས་རྗེ་འབྱུང་དགོས་སོ།། ཐུགས་རྗེ་འབྱུང་བ
308b5 དུས་ཅི་ལྟར་ལགས། བཀའ་སྩལ་པ། ཐུགས་ནི་དེ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ།། ཐུན་མོང་ནི་འདུལ་བའི་ངོ་གང་ངོ་།། ཐུན་མོང་མ་ཡིན་པ་ནི་བྱིན་གྱིས་རླབས་ལས་འབྱུང་བ་སྟེ། དེས་ནི་བདག་དཟུགས་ཆད་པ་དང་། ཡེ་ཤེས
308b6 སྣང་བདག་པ་དང་། གཟུགས་སུ་གཉིས་བྱོན་པ་དང་བཞི་དུས་མཉམ་མོ།། ལོངས་སུ་མི་འགྱུར་རོ།། སྤྲུལ་སུ་འགྲོ་དྲུག་ལ་རེ་རེ་འབྱུང་བ་ནི་ཉི་མའི་ཟེར་ལྟ་བུའོ།། དེ་ཡང་དཔེར་ན་ཉི་མ་དང་འོང་བཞིན་ནོ།། རྡོ་རྗེ་སེམས་དཔའི་སྤྱན་ཁྲི་རྣམ་དག་གསུངས
308b7 པའོ།། ཐུགས་རྗེ་ཆེན་པོ་ཡང་དགེ་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ལམ་གང་ལགས། མན་ག་ཐམས་ཅད་ཀྱི་དོན་གྱི་ཐུགས་གར་གཏུགས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐར་ཐུག་པའི་གྱད་ཅེས་བརྡུང་། རྩོལ་བ་དང་བྲལ་བ་ནི་སྐབས་ཇི་ཙམ་ན




iiif viewer powered by OpenSeadragon

308a - 309a

Texts on this page

Gdg004.15 - sku'i rgyud pad+ma 'khyil pa