| | e-texts navigator
|
307b1 ཞེས་བྱར།། དེ་ལྟར་མས་ཉིད་ཡུལ་དུ་བྱེད་པ་ནི། ལོག་པར་བལྟ་བའི་རྩ་མདུད་བཅད་པ་ཞེས་བྱའོ།། སྙིང་པོ་བྱང་ཆུབ་ཉིད་དུ་སོང་བས་ལྟ་བ་གཟའ་གཏང་དང་བྲལ་བ་ཞེས་བྷ། ཐིག་ལེ་རྟོགས་པའི་ཡེ་ཤེས་ཐིག་ལ་ཉིད་པ་དང་དུ་པི་པ་སྟེ། ཆོས་སྲ
307b2 ཇི་བཞིན་དུ་གནས་པའི་ངང་ནས། ཡེ་ཤེས་མཉམ་པར་བཞག་པ་དང་མ་བཞག་པ་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་རང་ཡིན་པར་ཞག་ཚོང་པའི་ཡེ་ཤེས། ཐིག་ལེ་རྒྱ་མཚོ་དང་འདྲ་བའི་ནང་དུ་ཡེ་ཆུད་པའི་ཕྱིར་རོ།། ཡེ་ཤེས་ཐམས
307b3 ཅད་ཀྱི་སྔོན་དུ་འགྲོ་བའོ།། དེ་རྟོགས་པའི་ཡེ་ཤེས་དེ་ཉིད་མི་བསྒོམ་སྟེ། བསྒོམ་པའི་བློ་དང་བྲལ་ནས་ཆོས་སྐུ་རང་ལུགས་སུ་གནས་པའོ།། ཐིག་ལེ་ཆོས་ཀྱི་སྒྲ་ལ་རྟོག་པ་མེད་པ་ནི། བསྒོམས་ནས་མེད་པ་མ་ཡིན་ཏེ། དེ་ཐོག་མ་ནས་ཀྱང་མེད་ལ།
307b4 ད་ལྟ་ཡང་མི་སྐྱེ་ཕྱིས་ཀྱང་མི་འབྱུང་བའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་གཞི་ནས་འཕགས་པ་ཞེས་བྱ། བྱས་ཟིན་པའི་ཆོས་ལ་བྱར་མེད་དེ་ཨ་ནུ་མན་ཆད། འབྲས་བུ་ལམ་དུ་གྱུར་པ་ཡིན་ནོ།། འདིར་ཨ་ཏི་འབྲས་བུ་ཉིད་ཀྱི་ངང་ལ་གནས་པའི་ཕྱིར། དེ་བཞིན
307b5 གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། སངས་རྒྱས་དངུ་ལ་གནས་པའོ།། ཐོག་མར་རྟོགས་པ་ཡང་ཆོས་ཀྱི་སྐུར་རྟོགས་ལ། བར་དུ་གནས་པ་ཡང་ཆོས་ཀྱི་བུའི་ནང་དུ་གས་ལྔ། ཐ་མ་འབྲས་བུ་ཡང་ཆོས་ཀྱི་སྒྲ་ཉིད་ལས་གཞན་དུ་མ་གྱུར་པས། གྱིས་བྱང
307b6 དེ་ལས་མི་འགྱུར་བ། དུས་གསུམ་འཕོ་འགྱུར་མེད་པ་ནི། རྫོགས་པ་ཆེན་པོར་ལ་བཟླ་བའོ།། དོན་ཆོས་ཉིད་ལས་མ་གཡོས་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་། འབྲས་བྲལ་མི་རེ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྟོང་པ་ཞེས་བྱའོ།།
307b7 འཁྲུལ་གཞིའི་དོན་ལྔ་པ་ཞེས་བྱབ།། བ་འོག་པར་ཁྱིམ་གྲི་དགོངས་པ་གསུངས་པའོ།། དེ་ནས་ཐེག་པའི་འཁྲུལ་འཁོར་གསུངས། མུན་པའི་འཁོར་སྒོར་བྱུང་བ་ནི། རྟག་པའི་ལྟ་བ་དང་། ཟད་པའི་ལྟ་བ་མུ་སྟེགས་པའོ།། སྤྱོད་པའི་འདྲེན་སྒོར་བྱུང་བ།
iiif viewer powered by OpenSeadragon
307a - 308a