e-texts navigator
Collection
Volume
Page
Wylie

305a1 མན་ངག་བསྟན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་འཁོར་བའི་གྲུབ་ཚུལ་འདི་དག་བཀའ་སྩལ་ཏེ། དབྱིངས་ནི་འགྱུར་བ་མེད་པར་གནས།། གསུང་རྟོག་གྲང་གིས་བསྐར་མིན་གནས།། འོད་གསལ་བུ་ལུས་སྔ
305a2 དེ་ནི་རང་བཞིན་རང་ཤར་གནས།། རྟོག་བཅས་ཡེ་ཤེས་རང་རིག་ནི།། མེ་ཏོག་ཡེ་ཤེས་བདེ་ཆེན་གནས།། ཡིད་ཀྱི་རྣམ་རྟོག་དུ་མ་ལས།། རྟེན་འབྲེལ་བཅུ་གཉིས་སྲིད་རྩ་བཏོན།། གླིང་བཞི་དེ་རབ་སྲིད་གསུམ་བཅས།། ཡུལ་དུ་ཤར་བར་ཆགས་ནས
305a3 སྲིད།། བག་ཆགས་ལུས་ནི་སྣ་ཚོགས་པ།། འགྲོ་བ་དྲུག་ཏུ་སྣང་བའོ།། རྡོ་རྗེ་སེམས་དཔས་མཁྱེན་པ་ལྟར།། སེམས་ཀྱི་བཞག་ཐབས་དབུགས་དབྱུང་བ།། རྡོ་བརྟན་བསྒོམ་པ་བརྟན་མི་བརྟན།། བཅོ་བརྒྱད་བདུད་དང་སྐྱོན་ཤར་ཡང་།། བསྒོམ་པའི
305a4 ཕྱོགས་སྣང་སྐྱོན་ལས་གྲོལ།། འཁྲུལ་པར་ཤེས་ནས་རང་རིག་དང་།། བདེ་བ་མི་རྟོག་ཐམས་ཅད་མཁྱེན།། རྩལ་དུ་ཤེས་ཨོཾ་ཨཱཿཧཱུཾ།། སྐུ་གསུམ་བཅོམ་ལྡན་རྡོ་རྗེ་འཆང་།། འཁོར་བ་གྲུབ་ཚུལ་ཤེས་པ་ནི།། འཁྲུལ་གཞི་དེ་ཉིད་བཟློག་པའོ།།
305a5 དེ་ནས་དརྨིག་མ་ལས་ཀྱི་རིན་པོ་ཆེས་འཁོར་བའི་མཐའ་བཅད་པ་བྱེ་བའི་སྒོ་རགག་པའི་ཐབས་མཆོག་ཏུ་གསུངས་པ། བདག་ནམ་འཆེ་བའི་ཚེ་ཆུང་རྣམ་པ་ལྔ་རིམ་གྱིས་ཞི་ནས། གྱིའི་འབྲང་བ་ལ་ནང་གི་འབྱུང་བ་ལྔ་ལ་ཐིམ་ནས། ནང་གི་འབྱུང་བ་ལྔ་ཡུམ་གྱི
305a6 མཁའ་གྲོང་རྣམ་པ་ལྔ་ལ་ཐིམ། ཡུམ་ལྔ་རིགས་ཀྱི་ཡབ་རྣམ་པ་ལྔ་ལ་ཐིམ་སྟེ། ཡབ་ལྔ་སོ་སོའི་ཡིག་འབུ་ལྔ་ལ་ཐིམ་ནས། ཡིག་འབྲུ་ལྔ་ཡེ་ཤེས་ལྔ་ལ་ཐིམ། ཡེ་ཤེས་ལྔ་འོད་ཀྱི་གོང་བུ་ཚོན་གྱི་བྱེ་བུ་བསྡོགས་པ་བཞིན་གནས་སོ།། དེའི་རླུང་གིས
305a7 བསྐྱོད་ནས།། གཡས་གཡོན་དུ་འབྱུང་སྟེ། འཆི་ཁ་མའི་གདམས་ངག་དྲན་པར་བྱས་ལ། མཛུབ་མོ་གཡོན་པའི་ཐེ་ག་ལཾ་ཡི་གེ་ཨ་གཅིག་བསམཱ་ནས་གཡོན་དགག་པར་བྱའོ།། དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ།། བྱང་ཆུབ་སེམ




iiif viewer powered by OpenSeadragon

304b - 305b

Texts on this page

Gdg004.15 - sku'i rgyud pad+ma 'khyil pa