| | e-texts navigator
|
304a1 ཡོངས་སུ་རྫོགས་པ་ནི་བླ་ན་མེད་པ་སྟེ་ཨ་ཏ་ཡོ་གུའོ།། བབ་ཤེས་སྒོ་མ་ནི་ཐེག་པའི་སྒྲུབསམ་གྱིས་མི་ཁྱབ་པའ།། མེ་ལང་ནི་ཡེ་ཤེས་གཞན།། དྲིལ་བུ་ནི་གསུང་འགག་པ་མེད་པའོ།། རིན་པ་ཆེན་པོ་ཏན
304a2 ནོ།། དར་དཔྱངས་ནི་མཉེན་འཁྲིལ་པ་སྟེ། སེམས་ཅན་གྱི་དོན་ལ་ཆགས་ཀྱང་སྐྱོན་མེད་པའོ།། བྱ་རུ་ནི་ཅལ་མཚན་གྱི་རྩེ་མོ་ལ་ནུབ་པ་མེད་པའོ།། ཏོག་ནི་མི་འགྱུར་བའོ།། ཐ་སྙད་ཀྱི་དབང་གིས་ཡང་དག་པར་གདགས་སུ་ཡོད་པ་དང་། གདགས་པ་ཙམ་དུ་ཡོད་པ
304a3 གཉིས་ལས། ཡང་དག་པར་གདགས་སུ་ཡོད་པ་ནི་ཆོས་ཀྱི་སྐུ་ཡིན་ལ། གདགས་པ་ཙམ་དུ་ཡོད་པ་ནི་དོན་སྟིའི་རྣམ་པའོ།། སྟོང་པ་ལ་རྣམ་པ་གཉིས་ཏེ། དངོས་པོ་ལ་སྟོང་པ་དང་། དངོས་པོ་མེད་པ་ལ་སྟོང་པ་གཉིས་དངོས་པོ་ལ་སྟོང་པ་ནི་དོན་སྟིའི་རྣམ་པའོ།། །
304a4 དངོས་པོ་མེད་པ་ལ་སྟོང་པ་ནི་ཆོས་ཀྱི་དབྱིངས་སོ།། ཡོད་པ་ལ་རྣམ་པ་གཉིས་ཏེ། ཡང་དག་པར་ཡོད་པ་ནི་ཆོས་ཀྱི་སྐུའོ།། བདེན་པ་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། ཀུན་རྫོབ་ཀྱི་བདེན་པ་ནི་རྨི་ལམ་ལྟ་བུའོ།། དོན་དམ
304a5 པའི་བདེན་པ་ནི་མི་འགྱུར་བའོ།། སྒྲོན་མ་རྣམ་པ་ལྔ་ནི་སྒོ་ལྔའི་རྣམ་པར་ཤེས་པས་གསལ་བའི་ངོ་བོ་སྟེ། སྟོང་པའི་ཚིག་དྲུག་ལ་རྒྱས་བཏབ་པས་ཆུད་པའི་མཐའ་བསལ་ལོ།། སྟོང་པ་སྒྲོན་མ་ལྔ་ལ་རྒྱས་བཏབ་པས། རྟག་པའི་མཐའ་བསལ་བའོ།། རིག་པ
304a6 ཆོས་ཀྱི་སྐུ་ལ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསླད་པའི་ཤེས་པ་ལ་སེམས་ཞེས་བྱའོ།། དེ་ལས་ཡིད་དྲན་བྱེད་ཀྱི་ཚོར་བ་ལ་སོགས་ཏེ། ཡིད་བཞི་གཅིག་ཏུ་འདུས་པ་ལ་ཀུན་གཞི་ཞེས་བྱ་སྟེ། དེ་ལ་སྒོ་ལྔའི་རྣམ་པར་ཤེས་པ་ལ་བརྟེན་ནས་བག་ཆགས
304a7 སྐྱོསྤྱོང་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་སྟེ་འཁོར་བའི་རྒྱུ་ཁོ་ནའོ།། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། རྣམ་པར་བྱང་བའི་རྟེན་མ་ཡིན། བག་ཆགས་དང་བྲལ་བའི་ཤེས་པ་ནི། རང་སོ་ལ་འདུག་པའི་དུས་ན་ཆོས་ཀྱི་སུ་ཞེས་བྱ་ལ་བག་ཆགས་དང
iiif viewer powered by OpenSeadragon
303b - 304b