e-texts navigator
Collection
Volume
Page
Wylie

303b1 གཤེགས་པ།། དང་བྱང་ཆུབ་སེམས་དཔའབརྒྱལ་ཏམས་ང་ནས་གཉིས་སུ་མད་པར་ཐམ་པའི་དུསུན་པ་ཅིག་མར་གྲུའ་བོ།། ནམ་གྲོ་གཅིག་བཅཝ་ཏེ། སངས་ཅན་སྨྱེ་ན་ནན།། དོམ་སེམས་དཔའ་འགྱུར་བམ་དཔ་མི་འགྱུར
303b2 ནམ་མཁའ་སྲུངས་ཞེས་བྱ་བ། རིག་འཛིན་རྡའི་བརྒྱུད་པ།། སྒྲ་ཐང་ལོག་ཏུ་བསྟན་པ་རྡོ་རྗེ་སྤྱན་གཅིག་པའོ།། པདྨ་འཁྱིལ་པའི་རླུད། བརྒྱད་པ་གསུམ་པ་ཞེས་བྱ་བ་ལས། དུས་གསུམ་གྱི་སངས་རྒྱབ་དགོངས་པས་བརྒྱུད་པ་དང་། རིག་འཛིན་རྣམ
303b3 རིག་པ་བརྡས་བརྒྱུད་པ་བསྟན་པའི་ལེའུ་སྟེ་དང་པོའོ།། ། ཨཱརྱ་པྲཛྙཱ་ཙཀྵུ་ར་ཛྙཱ་པ་ཙཏནྟྲ་ནཱ་མ། དེ་ནས་རིན་པོ་ཚི་གསེར་མིག་ལ་སོགས་ཏེ། དོན་མོར་ལྔའི་མན་ངག་གསུངས་པ་ནི།། བཅོམ་ལྡན་འདས་མཉམ་པའི་ཆོས་ཉིད་ཞིང
303b4 ལས་མ་གཡོས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་གཟུགས་ཀྱི་སྐུ་དཔྲལ་རྡོ་རྗེ་སེམས་དཔའ་ལྟ་བུར་སྤྲུལ་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་མངོན་དུ་གྱུར་པ་ནི་གདམས་ངག། རྣམ་པ་གཉིས་སུ་འདུས་ཏེ། དེ་མཚོན་པར་བྱེད་པ
303b5 གདམས་དྲག་རྣམ་པ་ལྔ་ཚིག་དང་ཡི་གེའི་སྒོ་ནས་བསྟན་ཏོ།། དབང་པོ་རབ་འབྲིང་ཐ་མའི་དབ་དུ་དགོངས་ནས་ནང་སྐོར་དང་གསང་སྐོར་རྣམས། ཁ་སྐོད། དང་བཅས་པ་ནི་བླ་མའི་ཞལ་དང་དཀྱུས་སུ་སྦྱར་ནས་བཤད་དོ།། སྨད་ཀྱི་ཚིག་གཉིས་སྡེས
303b6 ཞུས་ལེན་གྱི་སྒོ་དབྱེ། གཞུང་གི་ཚིག་བཞིས་མནྡ་ངག་གི་ཀློང་བརྟོལ། མཇུག་གི་སྡིག་གསུམ་གྱིས་རྟོག་པའི་རྒྱ་བཅད། ཆེ་བའི་ཡེ་ཤེས་ཐུན་མོ་དཱ་མིན་པའི་ཕྱིར་བཀའ་རྟགས་ཀྱི་ཕྱག་རྒྱས་གདབ།། ད་ནི་གསེར་མིག་དྲིལ་ཏེ་བསྟན་པ་ནི།
303b7 གསེར་མིག་རང་ལ་བཅང་ཏེ་བཤད། མཆོད་རྟེན་ལ་ཁྲི་འཕང་དགུང་བྱུང་བ་ནི། ཐེག་པ་དགུའི་རྟགས་སོ།། བུམ་པ་མན་ཆད་ནི་རྒྱུའི་ཆོས་ཏེ་ཉན་ཟོས་སོ།། བྲེ་ཕུལ་དང་སྲོག་ཤིང་ཕན་ཆད་ནི།། འབྲས་བུའི་ཆོས་ཏེ་བྱང་ཆུབ་སེམས་དཔའོ།། འཁོར




iiif viewer powered by OpenSeadragon

303a - 304a

Texts on this page

Gdg004.15 - sku'i rgyud pad+ma 'khyil pa