e-texts navigator
Collection
Volume
Page
Wylie

302a1 མུ་གུ་གཏན་དུ་བརྟག། དབུས་དེ་བཞན་དགོངས་པས་རྨོངས།། ཞེས་གསུང་སུས།། དེ་ནས་ལགན་རྡོ་རྗེས་སྣ་དྲངས་ནས།། ཕྱག་རྒྱས་བསྐོར་བ་ལན་བདུན་དུ་མཛད་དེ། ཨེ་མ་ཧོ་ལགས་སོ་ལགས་ས།། དཔལ།
302a2 སྲན་རྡོ་རྗེ་འཆང་མགོན་པོ།། མཐིང་འབྱུང་བར་མི་འགྱུར་བའི།། ཐིག་ལ་ཀུན་འདུས་ཆེན་པོའི་རྒྱུད།། འདིར་འདུས་ཚོགས་ལ་བཀའ་སྩལ་པ།། རྒྱུད་ལུང་ཀུན་གྱི་སྙིང་པོའི་འདོན།། མི་འགྱུར་དོན་གྱི་དགོངས་པར་བྱིན།། བློ་དང་ཚིག་ལས
302a3 དེ་ཡི་སྣ་འདས།། རྩོལ་སྒྲུབ་མཐའ་ལས་དེ་ཡིས་གྲོལ།། དགོངས་པའི་དོན་ལ་དེ་ཡིས་གནས།། ཁོང་དོན་དགོངས་པས་ཐུན་པ་བསྔལ།། རྗེས་འཇུག་རྣམས་ཀྱང་དེ་བཞིན་པས།། རྣམ་མཁྱེན་ཀུན་ལ་ཕྱག་འཚལ་འདུད།། ཐམས་ཅད་མཁྱེན་པ
302a4 རྗེས་ཡི་རང།། ཞེས་བསྟོད་དོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། རྒྱད་ཡོངས་སུ་གཏད་པདྨད་རྗེས་སུ་ཡི་རྙེང་བ་ཏེ་ལེཊ་བཅུ་གཉིས་པའོ།། 8། ཐིག་ལ་ཀུན་འཇུས་ཆེན་པོ་ཞེས་བྱ་བ་ལེདྲ་ཆེན་པོ་བཅུ་གཉིས་པའོ།། ལི་ཕན་ཞེ་བདུན་པ་མ། རྫོགས
302a5 སོ།། རྒྱ་ག་སྐད་དུ། ཀཱ་ཡཱ་ཏནྣ་དྷ་ཀུན་ལ་ནམ། བོད་སྐད་དུ། སྐུའི་ཀླུད་པདྨ་འཁྲིལ་བཞིས་བྱ་བ། ཨ་མྲ་ཉན་མཉྫུ་ཤྲཱི་པྲས་དུས་ནཱ་མ་མ་ཧཱ་ཏྲཾ། བརྒྱུད་པ་གསུམ་པ་མ།། བཅོམ་ལྡན་འདས་གཉིས་མེད་ཀྱི་རྒྱལ
302a6 པོ་ལ་ཕྱག་འཚལ་ལོ།། འདི་སྐད་བསྟན་པའི་སྔོན་རོལ་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་མ། འཁོར་གྱི་ལྷ་དང་མི་ད་ལཱ་མ་ཡིན་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་རབ་ཏུ་ཉོན་ཅིག། ཅེས་བཀའ
302a7 སྤྲུལ་ཏོ།། ང་མེད་པ་ཡི་སྔོན་རོལ་ན།། དེ་བཞིན་གཤེགས་པ་རྣམས་ནི་མི་བཞུགས་སོ།། ང་མེད་པ་ཡི་སྔོན་རོལ་ན།། འབྱུང་བ་ཆེན་པོ་ལྔ་ནི་ཡེ་ནས་མེད་དོ།། འབྱུང་བ་ཆེན་པོ་ལྔ་མེད་པའི་སྔོན་རོལ་ན།། སེམས་ཅན་བྱ་བ་གདོད་མ་ནས་མེད་དོ།། ངམེད




iiif viewer powered by OpenSeadragon

301b - 302b

Texts on this page

Gdg004.14 - thig le kun 'dus chen po'i rgyud
Gdg004.15 - sku'i rgyud pad+ma 'khyil pa