| | e-texts navigator
|
301b1 མཁའི་མཐའ་བཞིན་ཐུག་པ་མེད།། པྲ་ཡི་ཡུལ་ལས་རབ་འདུས་ཤིང་།། མི་འགྱུར་རྡོན་ལཱ་བུའི་སྒྲ།། བྱི་ནང་ས་དུན་རྒྱབ་སྟང་འགྲོ་མེང་།། དག་བཟུང་ཐལ་སྒོས་དང་ཐལ།། ཆ་ཤས་ཟལ་བའི་དང་ཉིད་དེ།། སུ་གཉིས་མི་འགག་འད་དྲུགས་ལ།
301b2 རང་ལ་རང་སྣང་སུམ་འཇིག། མི་གནས་འདུ་འབྲལ་ཡོངས་ཀྱིས་མེད།། རྡོ་རྗེ་མཁའ་འགྲོའི་དགོངས་པ་ཡིན།། སྤོས་བྲལ་དབྱིངས་ལ་འགྱུར་མེད་ཀློང་།། མི་འགྱུར་ཁོད་སྙོམས་གཡུ་ཡི་མཎྜལ་ནས།། ཡོན་ཏན་མི་འགག། རང་རིག་ཡེ་ཤེས་པ
301b3 རྩལ་དང་རོལ་པས་འཁོར་འདས་རྣམ་གཉིས་ཤར།། འཁོར་འདས་ཀུན་ལ་ཁྱབ་འབྲེལ་གཉིས་སུ་མེད།། ཐམས་ཅད་དེ་ལས་ཤར་ཅིང་དེ་ཡི་དང་དུ་འདུས།། བསྒོམ་མེད་སངས་རྒྱས་བསྒོམ་པ་ཡེ་སངས་རྒྱས།། དེ་ཉིད་མི་འགྱུར་ཡེ་སངས་རྒྱས་པའི
301b4 སྐུ།། རང་རིག་ཡེ་ཤེས་འཁོར་ལོ་ལྔ་ཡི་བདག།། དེ་ཉིད་སངས་རྒྱས་བྱ་བཙལ་འདས་པའི་སྐུ།། རང་སྣང་ཡེ་ཤེས་གཞན་སྣང་རྟོག་དང་བྲལ།། གདོད་ནས་རྣམ་དག་ཆོས་སྐུ་ཟད་ཐལ་ལ།། བར་དོ་སྐད་ཅིག་སྐྱེ་འགག་ལས་འདས་པས།། རིན
301b5 རྩོལ་མི་མངའ་ཡེ་ཤེས་ཟད་ཐལ་དང་།། སྦུབས་དང་བྲལ་བས་དེ་ཉིད་མཐར་ཕྱིན་པའོ།། གདམས་ངག་དོན་གྱི་ངེས་དོན་བསྡུས་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། གསད་པ་དོན་གྱི་སྙིང་པོ་བསྟན་པ་སྟེ་ལེའུ་བཅུ
301b6 གཅིག་པའོ།། །། དེ་ནས་ཡང་སྟོན་པས་རྒྱུད་ཀྱི་གདམས་པ་འདི་གསུངས་སོ།། ཀྱེ་མ་ཀྱེ་མ་འདུས་པའི་ཚོགས།། རྒྱུད་ལུང་མན་ངག་ཁོང་གི་སྙིང་།། ཀུན་ཏུ་དོན་གྱི་དགེངས་པ་ཡིན།། རྡོ་རྗེ་འཛིན་པ་ཁྱོད་ལ་གཏད།། དགའ
301b7 རབ་རྡོ་རྗེ་ཁྱོད་ཀྱིས་ཟུང་།། གཞན་ལ་དེ་བཞིན་དགོངས་པས་ཆོངས།། མང་དུ་གསུམ་ལས་མ་སྤེལ་ཅིག། ཉུང་ངུ་གཅིག་ལ་མ་བསྒྲུབས་ཤིག། གལ་ཏེ་དེ་ལས་མངས་སམ་ཉུང་།། མི་འགྱུར་རཀྵ་ཀརྟི་ཀས།། འདི་རུ་ཚེ་ཡི་འདུ་བྱེད་བྱེད།། བྱང་ཆུ
iiif viewer powered by OpenSeadragon
301a - 302a