e-texts navigator
Collection
Volume
Page
Wylie

300b1 ང་ང་གི་དང་ལ་ཟིགྶ། དབྱིངས་དང་ཡེ་ཤེས་གཏས་མྱེད་པ་བའི་དག། སྡུགསུས་དཀྱང་མ་ན་ཀྱི་གདུས་པར་བཞུགས།། ནམ་མཁའ་བུ་བུང་ན་གྱི་དག་ས་པ་བསྟན།། རྒྱབ་ཉི་ཀོད་ན་ས་ཕུགས་ལ་བ་ནི།། ནམ་མཁའི་དངན་ཉིད
300b2 སྙིང་པོ་གནས་པ་བཞིན།། མི་འགྱུར་ཡོངས་ལ་ཁྱབ་པའི་སྐུ།། དེ་ལ་ཡེ་ཤེས་སྣང་བ་འཆར་བ་ནི།། སྤྲིན་མེད་ནམ་མཁར་ཉི་མ་སྣང་བ་བཞིན།། རིགས་ལྔའི་སངས་རྒྱས་མ་འདྲེས་རྫོགས་པ་ནི།། ནམ་མཁའི་ངང་ན་གྲ་ཞང་ཚོན་གསལ་འབཞིན
300b3 ཐིག་ལེ་ཆེན་པོ་དོན་གྱི་དགོངས་པ་ཡིན།། མི་གཡོ་འདུ་འབྲ་བ་མེད་པའི་ཡེ་ཤེས་གསལ།། མཚོན་པའི་ཐབས་ཀྱི་རིམ་པས་བྷྱོ་ལ་སྦྱར། མཱཾ་འགྱུར་བ་གཅིག་རྟོག་པ་ཚུལ་རྒྱུད་ལས་སྐྱེས།། སྲུབས་དང་བྲལ་བས་བདག་ཉིད་མངོན་སངས་རྒྱས།
300b4 འགག་མེད་ཐུགས་རྗེ་ས་འགྲོ་དྲུག་གནས་སུ་འདྲེན།། མི་གནས་བདག་མེད་ཆོས་སྐུའི་ཀློང་ན་གསལ།། རིན་ཆེན་སྒྲོན་མ་དོན་གྱི་དགོངས་པ་ཡིན།། མ་འགགས་མི་གཡོ་དང་དངས་རང་བཞིན་ནི།། ཡེ་ཤེས་ཟར་ཐལ་སྒྲིབ་མེད་ཀུན་ཏུ་གསལ།། ཆོས
300b5 སྐུའི་ངང་ལ་གཟུགས་སྐུའི་རང་བཞིན་ཏེ།། ཡོད་པ་མེད་དང་མེད་པ་ཡོད་པའི་ས།། སྐུ་གསུམ་དབྱེར་མེད་རང་རིག་ཡེ་ཤེས་བདག། མིག་གི་སྒྲོན་མ་དོན་གྱི་དགོངས་པ་ཡིན།། ཡོན་ཏན་མི་འགྱུར་རང་རིག་ཡེ་ཤེས་ཏེ།། སྐུ་གསུམ་སྦུབས་སུ་དེ་ཡི་གནས
300b6 སྐབས་བསྟན།། དེ་མཚོན་ཕྱི་ནང་གསང་བ་འདུས་པར་བསྟན།། ངོ་མཚར་ཐབས་ཀྱི་སྙིང་པོ་དོན་དང་མཇལ།། འཕྲུལ་གྱི་ཡི་གེ་དོན་གྱི་དགོངས་པ་ཡིན།། མ་རིག་ཡེ་ཤེས་མཐར་ཐུག་ཡོངས་ལ་ཁྱབ།། གསང་བའི་ཤེས་རབ་སྒྲིབ་པ་ཀུན་ལས
300b7 འདས།། ཀུན་ལས་མཆོག་གྱུར་ཁྱད་པར་ཆེ་བས་འཕགས།། ནམ་མཁའ་ཁྱབ་པ་དོན་གྱི་དགོངས་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། ཕྱོགས་འཛིན་གྱི་དགོངས་པ་བསྟན་པ་སྟེ་ལེའུ་བཅུ་པའོ།།




iiif viewer powered by OpenSeadragon

300a - 301a

Texts on this page

Gdg004.14 - thig le kun 'dus chen po'i rgyud