| | e-texts navigator
|
2b1 པ་ན་སང་ལ་མ་གཡས་མཾ་གཡ་རིག་པ་ཉིད་མ་བརྒྱད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ། སུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྡང་བ་ཐམས་ཅད་མ་བསྒྲིབས་པར་གསལར
2b2 གནས་ལུགས་ཀྱི་སྣང་བ་ལ། སྣང་བ་ཐབས་ཀྱིས་མ་བསྒྲིབས་པ། ངོ་བོ་ཀ་དག་རང་བཞིན་ཀུན་ཐབ་ཐུགས་རྗེ་ཀུན་ཁྲབ་གསུམ། རྒྱམ་ཆད་པར་ལྷུན་གྲུབ་ཅིངས་ནས་ཡོངས་སུ་རྫོགས་པ་ཆེན་པོ། བདེ་གཤེགས་ཉིད་པོ། ཀ་དག་གི་ངོས་ནས་ངོ་བོའི
2b3 གནས་ལུགས་ཆེན་པོ་རིག་པ་དེ་ཡང་། སྲུ་ལྟར་གནས་པ་མཁྱེན་པའི་ཆ་ནས་སེམས་ཅན་ལ་སྡང་པཱ་ལ་ཁ་མིག་རྣ་བར་དོད་པ་ནི་སྟོང་པའི་ཆནས་ཅི་ཡང་མི་བཞུགས། སྟོང་པ་ལྟར་གནས་པ་ལ། རིག་པ་འང་པོ་བེམ་སྟོང་ཅིག་མེད་ནམ་མཁའ་ལྟར་ཅང་མི་བཞུགས།
2b4 པདེ་པོ་འོད་ལྔ་ལྟར་གསལ་ངའི་ཆ་ནས། སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པ་ལྟར་དཀར་པོ་ལ་སོགས་ཁ་དོག་ཏུ་མོ་དང་། སྣང་བ་ལ། བརྟེན་པ་མེད་པར་འཁོར་བ་དང་། འགྲེལ་པ་ལྟར་ཅང་མི་བཞུགས། ཡོན་ཏན་མཐའ་དབུས་མེད་པ
2b5 ལྟར་སྣང་བ། ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། རིག་པའི་ཤེས་རབ་ཆ་བགོས་པ་ལྟར་སྣང་བ་ལ། རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱར་མ་འགགས་པ་ལྟར་གྱུར་ཞུགས་སུ་རིག་པ། སྡང་ཞིང་དཔངས་མཐོ་བ་ལ། ངོ་བོ་དེ་ལ་སྟེད་འོག་ཏུ་སྡུད་པ
2b6 ནི་གང་ཡང་མེད་དོ།། རང་བཞིན་གྱིས་རུབ་སྟོང་པ་རིག་པ་ཡིན་པས། སྣང་བ་ནི་ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིགས་མི་འཛིན
2b7 པ། སེར་པོ་ལྟར་སྡང་བ་ལ་ཡོན་ཏན་རྫོགས་པ། དམར་བ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་ཀུ་ལྟར་སྣང་བ་ལ་མ་བཙལ་བར་གྲུབ་པ། སྣང་བ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ།། ཐུམ་པ་ལ་དབྱིབས་མེད་པ།
iiif viewer powered by OpenSeadragon
2a - 3a