| | e-texts navigator
|
296b1 དྷ་གསོལ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ་ཉོན་ཅིག། གཞི་གནས་ཀྱི་ཡེ་ཤེས་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས་བསྐོར་ཏེ། རིག་པའི་སྣང་པ་དང་དབྱེར་མེད་དང་ཐོགས་པ་མེད་པ་དང་ཐ་དག་ད་པ་བཞིས་རྦནཛ་རྟ། ཤེས་རན
296b2 ཀྱི་སྲོག་ཤང་ལ་ཡེ་ཤེས་འཁོར་ལོ་བཞིས་བསྐོར་བ་ན།། ཕྱོགས་ལྷུང་མེད་པའི་ཤེས་རབ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཅོད་པའོ།། རིགས་ཀྱི་བུ་དེའི་དོན་ནི་ཀུན་གྱི་ཐུན་མྱོང་མ་ཡིན་ཏེ། རབ་ཏུ་རྟོགས་པར་དཀའ་བ།། རྩེགས
296b3 བདག་ངེས་པར་ཟུང་།། སྟོན་པ་ལ་སོགས་རྣམ་པ་ལྔ།། གསད་པའི་དོན་ཆེན་གཏན་ལ་ཕབ།། མ་རྟོགས་འཁྲུལ་པར་ཤར་བར་བཤད།། གདམས་ངག་རྣམ་གཉིས་གཙོར་བསྟན་ཅིང་།། རྒྱུ་རྐྱེན་རང་རིག་གཅིག་པུ་ཉིད།། བདག་རྐྱེན་དང་།
296b4 རིག་ཆོས་སྦ་ལ།། རྟགས་ཀྱི་ཡེ་ཤེས་མ་འགགས་སྡང་།། དམིགས་རྐྱེན་ཐུགས་ཀྱི་མེ་ལོང་བྱས།། མཚུངས་རྐྱེན་བླ་མའི་གདམས་ངག་བྱས།། ཡེ་ཤེས་འཁོར་ལོས་རབ་བཅད་པས།། འཁྲུལ་གསུམ་གཞིག་སྔ་མ་དང་དུ་དག། རང་རིག
296b5 ཡེ་ཤེས་བྱ་བཙལ་འདས།། ལས་དང་ཐུགས་རྗེ་རྣམ་པར་དག། བསྒོམས་པས་གཞན་ནས་ཐོབ་པ་མེད།། མ་བསྒོམས་དོན་དང་འབྲེལ་པ་མེད།། འདུ་འབྲལ་མེད་པའི་དགོངས་པ་ནི།། ཆུ་བོ་གང་གཱ་དེ་བཞིན་ནོ།། དེ་ལྟར་དོན་ནི་རིམ་པར་སྤྱོད།། མ
296b6 འགགས་ཤར་བས་རང་བཞིན་ཏེ།། རྟོགས་པས་མཚན་མ་ཟིལ་གྱིས་གནོན།། མཚན་མ་ཟིལ་གནོན་སྤང་བ་ཡང་།། རྟོགས་པས་ཡོན་ཏན་རང་གསལ་ཏེ།། རང་ལས་མུ་གཏོགས་གཞན་སྡང་མེད།། དེ་དོན་རྫོགས་པའི་རྣལ་འབྱོར་ལ།། རང་པ
296b7 ཡིན་པ་གཞན་མེད་ཅིང་།། རང་ཡང་དངོས་གཞི་རྗེས་གྲུབ་མེད།། དེ་བས་དེ་ལ་གཉིས་མེད་པས།། དོན་ལས་མི་ཉམས་བསྲུང་མཚམས་མེད།། འཕྲལ་ལ་སྨྲས་པ་མ་ཡིན་ཏེ།། ང་ཡི་རང་བཞིན་ལེ་ནས་དེ་བཞིན་ཉིད།། ང་ཡི་དོན་གྱི་ཕྱོགས་རེ་ནས།
iiif viewer powered by OpenSeadragon
296a - 297a