e-texts navigator
Collection
Volume
Page
Wylie

294b1 བཞིན་མེད་ཅིང་སོ་སྦྱོར་འགྲོ།། ཇོ་བོ་རྣམ་དག་མཚན་ཉིད་ཡེ་ཤེས་ལྔ།། དེ་ཡི་རང་གདངས་ཡེ་ཤེས་འོད་དུ་འཆར།། དེ་ཉིད་རྣམ་དག་སྣང་ལ་རང་བཞིན་མེད།། ཡོད་མེད་གཉིས་མེད་ཡེ་ཤེས་རང་ནས་རྫོགས།། བློ་ལས་འདས་ཏེ་དཔག་མད་ཡེ
294b2 ཤེས་སྐུ།། བློ་ཡི་ཡུལ་གྱུར་ཚད་བཟུང་མཚོན་པའི་རྟགས།། ཐུགས་རྗེའི་ཞགས་པས་ཆུད་ཆེན་དགོངས་པ་ཡིན།། ཞེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོ་ལས། མན་ངག་གི་རྒྱུད་བཤད་པ་སྟེ་ལེའུ་དྲུག་པའོ།།
294b3 ཛྙཱ་ན་ད། བཛྲར་ཀྲྀ་ཚོ་ཏི་ཀྲྀད་ཀྲྀད་ར་ཛཱ་ཨུ་མྲ་དེ་བ་ཛྙཱ་ན་ཀ་ལ་པྲས་དྱས་དེ་ཤན་ཏརྫྫཙ་རཱིཔྲཱ་ཏ་ཨ་ཏ~ཾ་ཀ་ལས་དྷཱ་ཨཿ། དེ་ནས་བཅོམ་ལྡན་འདས་དགོངས་པ་མི་འགྱུར་བའི་དོན་ལ་བཞུགས་སོ།། དེའི་ཚི་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན
294b4 རྡོ་རྗེ་འཆང་།། རྒྱུད་ཀྱི་བུ་བཞི་ལྕིའི་དགོངས་པ་བཤད་དུ་གསོལ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ལེགས་ཟུང་ཞིག། དྲི་མེད་དག་པའི་ཆོས་སྐུ་ལ།། ཡོན་ཏན་སྡང་བ་མི་འགག་པ།། འཁོར་དང་མྱ་ངན་འདས
294b5 པར་སྣང་།། རང་ཉིད་མ་གཡོས་གོས་པ་མེད།། དེ་ལ་སྐྱེ་འགག་འགྱུར་མེད་པ།། རྩ་བའི་རྒྱུད་ཆེན་ལྔ་ཡི་དོན།། དེ་མཚོན་ཚིག་རྒྱུད་རྣམ་པ་ལྔ།། སྒྲ་གསུམ་རྒྱལ་པོ་བཤད་ལུགས་གསུམ།། སོ་སོའི་འཁོར་ལ་གནས་སུ་གསུངས།། མཚོན
294b6 པའི་རྒྱུད་ལ་ངེས་ཤེས་བསྐྱེད།། རྒྱུད་ལྔ་དོན་གྱི་སྙིང་པོ་ནི།། སྐུ་གསུམ་འདུ་འབྲལ་མེད་པར་བཤད།། སངས་རྒྱས་བདག་ཉིད་སྟོན་པ་ཡིས།། སྐད་ཅིག་གསུམ་ལ་རྣམ་གྲོལ་བའི།། སོ་སོར་རྟོག་པའི་ཡེ་ཤེས་ཅན།། སངས་རྒྱས་བདག་ཏུ་འདུ།
294b7 བར་བསྟན།། ཤེས་རབ་ཏིང་འཛིན་དབང་གྱུར་པས།། གཞི་ལ་གནས་ཏེ་ལྷག་མཐོང་མེད།། བྱང་སེམས་ཤེས་བྱའི་སྒྲིབ་པ་ཅན།། སེམས་ཅན་སྡེ་རུ་ང་ཡིས་བཤད།། ཡེ་ཤེས་ཆེན་པོ་ཆུང་ལ་བཤད།། བག་ཆགས་ལུས་ལ་ཐོགས་པ་ནི།།




iiif viewer powered by OpenSeadragon

294a - 295a

Texts on this page

Gdg004.14 - thig le kun 'dus chen po'i rgyud