e-texts navigator
Collection
Volume
Page
Wylie

292b1 བརྒྱད་ཏནའི་ཁང་པན།། སྒྲ་དང་ཡེ་ཤེས་ཐམ་པའི་མར་མེ་ལྟར།། ལོགས་ན་མི་གནས་རང་བཞིན་ལྡན་གྱིས་གྲུབ།། རྟོགས་པས་འདུ་འཕྲུལ་མེད་པའི་དགོངས་པ་ཡིན།། ཡེ་ནས་སངས་རྒྱས་ཆེན་པོ་ལས།། སྲས་ངག་ཡོད་གསུམ་བྱ་བ་མས།
292b2 ས་དང་ལམ་རྣམས་རིམ་བཟོད་དེ།། སངས་རྒྱས་ཡེ་ཤེས་བཙལ་དུ་མེད།། ཆུ་ཡི་རང་བཞིན་དྲངས་པ་ལ།། རྙོག་པས་དེ་བཞིན་མི་གསལ་བཞིན།། ཆོས་སྤུའི་རང་བཞིན་སངས་རྒྱས་ལ།། སྐུ་གཉིས་མ་བཙལ་ལྷུན་གྱིས་བུབ།། ལུས་ངག་རྩོལ་བས
292b3 བསལ་མི་ནུས།། ང་ཡི་ངོ་བོ་དག་པ་ལ།། དགེ་དང་སྡིག་པ་གདོད་ནས་མེད།། མེད་པའི་ཆོས་ལ་ཕན་གནོད་མེད།། བྱས་པའི་ཆོས་ཀྱིས་སངས་མི་ཆེ།། མ་བཅོས་རང་གི་དང་ལ་བཞག། བྱ་བཙལ་འདས་པའི་དགོངས་པ་ཡིན།། མི་གནས་པ
292b4 ཤེས་དངས་ཏེས་མཐའ་ད་ང་བྲལ།། སྐབས་མ་བརྗིད་མི་རང་བཞིན་ནུམ་པར་དག། མབཙཔ་བཞུག་པ་ས་རྡ་འཕེལ་ཡོངས་ཀྱིས་མེད།། རང་དག་རླུང་ལ་ཆེ་པོ་ལས།། སླེབ་མེད་དང་སྐད་རྩེ་གཅིགགས་ལ།། ཐོས་བཞིག་བཅོམ་པས
292b5 འདོད་པ།། མཚོར་ཡིད་ཀྱི་ཡུལ་གྱུར་པས།། རིན་ཆེན་གསེར་གྱི་སྲོག་བཅུག་བཞིན།། གཟུང་འཛིན་རྩོལ་བས་བསྡམ་ཞིང་འཆིང་།། ལྔ་པ་དོན་གྱི་དགོངས་པ་ཡིན།། ཞེས་གསུངས་སོ།། ཞིག་ལེ་ཀུན་འདུས་ཆེན་པོ་ལས། ཐུགས་ཀྱི་རྒྱུད་ཀྱི།
292b6 དོན་གྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། རཏྣ་ཀ་དྷ་མ་ཏ་མཱ་ཏྲཱ་ན་ཨ་ཏཱ་ཀ་ལ་སརྦ་ཨ།། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ།། ཡོན་ཏན་འགག་པ་མེད་པ་དང་།། ཕྲིན་ལས་ཐོགས་པ་མེད་པའི་དགོངས་པ་ལ་བཀྲུག
292b7 སོ།། ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། 5། ཡོན་ཏན་ཕྲིན་ལས་དགོངས་པ་གསུང་དུ་གསོལ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ། རང་རིག་ཆོས་སྐུ་དངོས་མེད་དག་པ་ལས།། ཡོན་ཏན་སྒོ་ཡངས་སྡང་བ་སོ་སོར་ཤར།། ཆོས




iiif viewer powered by OpenSeadragon

292a - 293a

Texts on this page

Gdg004.14 - thig le kun 'dus chen po'i rgyud