| | e-texts navigator
|
292a1 །། བདག་པོས་ཞུས་པ།། ཀྱེ་གྱི་བཅོམ་ལྡན་རྡོ་རྗེ་འཆང་།། ཐུགས་ཀྱི་རྒྱུད་ཆེན་དགོངས་པ་གཟུང་།། ཞེས་ཞུས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། ལག་ན་རྡོ་རྗེ་ལེགས་དྲང་ཞིག། རང་ངག་ཡེནས་རྣམ་དག་པས།། ཉན་མོངས་པ
292a2 ཡི་དྲི་མ་མེད།། ཡེ་ནས་རང་བྱུང་ཡེ་ཤེས་པས།། རྒྱུ་རྐྱེན་མེད་པར་གཉེན་པོ་མེད།། ཡེ་ནས་གཉིས་མེད་ཆོས་སྲུབས།། འཁྲུལ་པའི་བག་ཆགས་བསླད་པ་མེད།། རྡོ་རྗེ་བཞིན་དུ་འགྱུར་བ་མེད།། གཞི་ལ་ཡོན་ཏན་འགག་པ་མེད།། ཐམས་ཅད་མ
292a3 བཙལ་ལྡན་གྱིས་གྲུབ།། བྱ་བཙལ་འདས་པའི་ཆོས་ལ་གནས།། འདུ་འབྲལ་མེད་པས་སུ་གསུམ་རྒྱན།། ཚིག་དང་དོན་གྱིས་མཚོན་དགོངས་ཡིན།། ས་གཞི་ལྟ་བུའི་རང་རིག་ལས།། རྩི་ཤིང་ལྟ་བུའི་འཁོར་འདས་སྡང་།། མི་འགྱུར་ཆོས་ཉིད་སྤོས་དང
292a4 བྲལ། རང་རིག་ཡེ་ཤེས་མན་ཤེལ་བཞིན།། འགྱུར་མེད་ཡེ་ཤེས་རྒྱ་མ་ཆད།། ལྷུན་གྲུབ་ཡེ་སངས་རྒྱས་པ་ལ།། ངོ་བོ་མི་འགྱུར་ཐུགས་རྗེ་འགག་པ་མེད།། དང་པོ་གནས་ལུགས་དགོངས་པ་ཡིན།། ཀྱེ་མ་རིགས་ཀྱི་ཐ་ལེགས་པར་ཟུང་ཞིག།
292a5 མི་གནས་ཡེ་ཤེས་ཆོས་ཀྱི་སྐུ།། ཡེ་ཤེས་ལྔ་ཡི་མཚན་ཉིད་ཅན།། རང་བྱུང་ཡེ་ཤེས་འབྱུང་བ་ལྔ།། ཆོས་ཉིད་དག་པའི་ཀློང་དུ་ཤར།། ཐིག་ལེ་འོད་ཀྱི་ཁ་དོག་ལྔ།། མཐིང་ག་ལ་སོགས་ཁ་དོག་ལྔ།། རིགས་ལྔའི་སངས་རྒྱས་ངོ་བོར་ཤེས།། སྐུ་ལྔ
292a6 ཤེས་ལུས་ཅན་རྫོགས།། བཞི་བཅུ་རྩ་གཉིས་འོད་དུ་གསལ།། རང་རང་ཡེ་ཤེས་གདངས་ལ་བཞུགས།། གསལ་འཚེར་ལྷན་སྡུག་འོད་ཟེར་འཕྲོ།། ཡེ་ཤེས་ལྔ་ཡི་གཞལ་མེད་ཁང་།། གསལ་དང་དྲོད་དང་བསིལ་བ་དང་། ཡང་དང་ཡངས་ཤིང་ཁྱབ
292a7 པའི་བདག། ཀུན་འབྱུང་ཡེ་ཤེས་ཕུང་པོར་འབར།། གདན་གསུམ་དང་ལ་མ་བསྐྱེད་རྫོགས།། སྦྱོར་བ་གསུམ་གྱི་ཕུལ་པ་འབྱིན།། འགྲོ་བའི་མ་རིག་མུན་པ་སེལ།། ཐུགས་རྗེ་འབྱུང་བའི་དགོངས་པ་ཡིན།། ཀྱེ་མ་ཀྱེ་མརྡོ་རྗེ་འཛིན།། རིན་ཆེན་ནུར
iiif viewer powered by OpenSeadragon
291b - 292b