| | e-texts navigator
|
291b1 བསྐལ་པ་དང་པོ་ལ་སངས་རྒྱས་འདམ་འགྱུར་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་བོན་དྷ་གནས་པའོ།། བར་དྷ་མ་འགགས་པའི་ཡེ་ཤེས་འོད་དུ་ཤར་ཏི་བྱཱ་གུ་ཙྪ་ཌྷའོ།། ནམ་འབྲས་བུ་མངོན་པར་སྣ་སྟེ།། སངས་རྒྱས་སེམས་ཅན་གཉིས་རཱ་།
291b2 ཞིང་སྨིན་ཏེ།། འཁྲུལ་པ་གསུམ་དུ་སྡང་ངོ་།། དེའི་ཚེ་དེའི་གཉེན་པོ་རྡོ་རྗེ་སེམས་དཔས་ཕྱོག་མའི་སངས་རྒྱས་ངོ་སྤྲད་དེ། འཁོར་བ་ཁེང་ཟློག་གིས། མི་འགྱུར་དོན་གྱི་སྙིང་པོ་དེ་གདམས་ངག་གཉིས་ཀྱིས་བཀྲོལ་ཏེ་བརྟན།། ཐུགས་ཀྱི་སྙིང་པོའི་དགོངས་པ་ཡིན
291b3 དེ་ཡི་དུས་གཞི་སྣང་བ་གཏན་ལ་ཕེབས།། མི་འགྱུར་དྲང་ལ་སྐུ་གསུམ་གནས།། ཆོས་ཉིད་ཆོས་སུ་ཡེ་ཤེས་ནི།། སྐུ་དང་གསུང་དང་ཐུགས་སུ་གས་ལ།། གྲུབ་པ་མཐར་གྱིན་འཁྲུལ་པ་མེད།། སྟོན་མཐུན་མ་གཞིའི་དགོངས་པ་ཡིན།། རིགས་ཀྱི་བུ་དོན་དེ་ཀུན་གྱི
291b4 ཐུན་མོང་མ་ཡིན་ཏེ།། རིགས་ཀྱི་བུ་རྒྱུད་སོ་སོར་ཟུང་ཞིག། ཀུན་ལས་ཆེ་ལྷས་འཕགས་པ་ནི།། དེ་ཡི་གདམས་པར་ངས་བསྟན་ཏོ།། དེ་ལྟར་གདམས་པ་སྒྲོགས་ལྷ་ནི།། བར་ཆད་སེལ་དང་ཚིག་རྫོགས་ལས།། སྡོད་བརྒྱད་འགྱུར་མེད་མན
291b5 ངག་མཐར་ཕྱིན་ཕྱིར།། བླ་མ་སངས་རྒྱས་བཅས་པ་དང་།། བྱང་སེམས་ཆོས་སྐྱོང་སྲུང་མ་དང་།། རིག་འཛིན་རིམ་པ་ཚོགས་ཀྱིས་མཆོད།། རིག་པ་འཛིན་པས་ལ་བསྐལ།། བར་ཆད་སེལ་འགྱུར་ངས་ལུང་བསྟན།། དགུ་པ་དོན་གྱི་དགོངས་པ་བསྟན།།
291b6 མ་འོངས་རྗེས་འཇུག་དོན་མཛད་པས།། མ་ནོར་དོན་གྱི་རྒྱུད་ཆེན་ལྔ།། དགའ་ར་བ་ལ་སོགས་འཁོར་ལ་བཤད།། དེ་བཞིན་ཤོད་ཅིག་རྗེས་སུ་གནང་།། འཇུག་པའི་དགོངས་པས་ངས་བཤད་དོ།། ཞེས་གསུངས་སོ།། ཐིག་ལེ་ཀུན་འབྲས་ཆེན་པོའི
291b7 ལས།། གསུང་གི་ཉུང་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། པོ་དྷི་ཙིཏྟཏནྟྲ་མ་ཧཱ་ས་མ་ཏི་ཨ་ཏ་ཀ། མ་ཧཱ་ས་རུ་ཨ།། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དཐུགས་འགྱུར་བ་མེད་པའི་དགོངས་པ་ལ་བཞུགས་སོ།། དེའི་ཚེ་གསང་བའི
iiif viewer powered by OpenSeadragon
291a - 292a