e-texts navigator
Collection
Volume
Page
Wylie

291a1 །། དགོངས་པ་ཞེས་བྱའོ།། གཎྜཱི་མཚོན་པའི་བྷྱཿས་སུ་གསུང་རྒྱད་བསྟན་ཏེ།། བཤད་པའི་རྒྱུད་ཆེན་པོ་འདིས་རྒྱུད་རྣམས་ཀུན་གྱི་དོན་རྡོ་ང་ལྟ་བུ་འདིས་གཅོད་ཅིང་འབིགས་བརྒྱད་རྣམས་ཀྱི་དགོངས་པ་དང་བཤང་ཐུབས་འདིར་འདུས་པ་དྲངས་བསྟ་ན།
291a2 རྒྱུད་རྣམས་ཀྱི་ཚིག་དོན་ལ་སྦྱོར་བས་མཚན་གྱི་དོན་གྱི་དགོངས་པའོ།། ཀྱེ་འཁོར་གྱི་ཏིང་ངེ་འཛིན་རྣམས། འབྱུང་བཞི་རང་རིག་ཡེ་ཤེས་ནི།། དང་པོ་ཆུ་ལས་མ་བྱུང་ཞིང་།། བར་དུ་རྐྱེན་གྱིས་གྲོགས་མ་བྱས།། ཐ་མ་གཉེན་པོས་མི་འཇིག་པས།། རྡོ་རྗེ་ལྟ་བུའི་ཆོས
291a3 ལྔ་གསུམ་བཅོ་ལྔས་གཏན་ལ་ཕབ་པའོ།། ངེས་པའི་ཆུད་ཆེན་རྣམ་པ་ལྔ།། ཡོན་ཏན་སྣང་ཚུལ་རྣམ་པ་ལྔས།། ཀུན་ལས་མཆོག་ཏུ་གསང་བར་གནས།། རྐེ་བའི་ཡོན་ཏན་དགོངས་པ་ཡིན།། ངས་བཤད་པདྨ་འབྲེལ་བའི་རྒྱུད།། ཚིག་རྒྱུད་ཀུན་གྱི་རྩ་བ་སྟེ།། དེ་སོགས་རྒྱུད་ཀྱི་བཤད
291a4 ཆུད་པས།། པདྨ་འཁྱིལ་པའི་མན་ངག་གིས།། གཞི་ཡི་མ་རིག་མུན་བསལ་ནས།། རྟོག་པའི་རྡོ་རྗེ་རང་སྣང་བས།། མུན་པའི་སྒྲོན་མེའི་དགོངས་པ་ཡིན།། གཞི་དང་ཡོན་ཏན་མ་འགགས་པས།། འཁོར་འདས་གཉིས་སུ་སྣང་ཞིང་འབྲེལ།། དངོས་པོའི
291a5 དོན་ལ་གཉིས་མེད་པར།། བྱིན་གྱི་རླབས་ཀྱིས་སྣང་ཞིང་འཆར།། བཞུགས་ཤིང་འབྱུང་བས་གཞི་ཉིད་དེ།། རིན་ཆེན་ཕྲེང་བའི་དགོངས་པ་ཡིན།། ངོ་བོ་སྤྲོས་པ་ལས་འདས་ཤིང་།། ཉོན་མོངས་རྟོག་པའི་ཟུག་རྔུ་ཞི།། ཐུགས་རྗེ་སྒྲ་གཉིས་མི
291a6 འགག་པས།། རང་རིག་ཡེ་ཤེས་ཆེན་པོར་འདུས།། འཁོར་འདས་སྤྱི་ཡི་དོན་བསྟན་པ།། འཇམ་དཔལ་ཡེ་ཤེས་འདུས་པའི་དགོངས་པ་ཡིན།། ཀྱེ་མ་རིགས་ཀྱི་བུ་ལེགས་པར་ཟུང་ཞིག། གཞི་སྣང་ཆེན་པོའི་འདུག་ཚུལ་ལས།། འཁོར་འདས་གཉིས་སུ་ཤར་བ་ནི།




iiif viewer powered by OpenSeadragon

290b - 291b

Texts on this page

Gdg004.14 - thig le kun 'dus chen po'i rgyud