| | e-texts navigator
|
290b1 གཅན་གཟན་ཕྲ་མོ་ཟིལ་གནོན་ལྟར།། ཆོས་ཉིད་དོན་གྱི་རིག་པ་དང་།། དེ་བཞིན་སྒྲུབ་བྱེད་གཞན་སེལ་གྱིས།། ལོག་པར་བལྟ་བ་སུན་ཕྱུང་བས།། སེང་གེ་འགྱིངས་པའི་དགོངས་པ་ཡིན།། དེ་བཞིན་འཆད་མཁན་ཉིད་ཀྱང་།། སྐུ་གསུམ་འདུ་འབྲལ
290b2 མེད་པར་གནས།། དེ་ཡི་དོན་ཆེན་ཡང་དག་མཚན།། རྩོལ་བ་མེད་པར་རང་ལ་རྫོགས།། འཁོར་རྣམས་ལ་ཡང་དེ་བཞིན་ནོ།། མཚན་རྫོགས་དོན་གྱི་དགོངས་པ་ཡིན།། དེ་ཡི་དགོངས་པ་ཡོངས་རྫོགས་པ།། ཆོས་ཉིད་ཀློང་ནི་ཆོས་སྐུ་གནས།
290b3 གཉིས་མེད་ཟད་བ་ལ་སྟོང་པ་ཉིད།། དེ་ཡི་དང་ན་ཡེ་ཤེས་ལྔ།། དེ་ཡི་ངང་ལ་སྐུ་ལྔར་བཞུགས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག། སྟོང་མཐུན་མ་གཞིའི་དགོངས་པ་ཡིན།། དེ་ལ་ཡོན་ཏན་མི་འགག་པས།། རིན་ཆེན་གཏེར་གྱི་དབྱང་གནས་སོ།།
290b4 ང་ཡིས་དེ་བཞིན་བསྟན་པ་ཡིས།། སྐྲ་དང་ཡེ་ཤེས་མ་རིག་སེལ།། ཞེས་གསུངས་སོ།། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལས།། གྲུའི་རྒྱུད་ཀྱི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། བནྟ་ཏནྟཱ་ས་མ་ཏི་ཨཱ་ཏ་ཀ་ལ་པཱ་རུ་ན་ཨཱ།། དེ་ནས་བཅོམ
290b5 ལྡན་འདས་གསུང་འགག་པ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་གསུང་གི་དགོངས་པ་གསང་དུ་གསོལ།། ཞེས་ཞུས་སོ།། སྟོན་པས་བཀའ་སྤྲུལ་པ།། གསང་བའི་བདག་པོ་ངེས་པར་ཟུང
290b6 ཞིག། གཞིནི་འགྱུར་བ་མེད་པ་ལས།། ཡེ་ཤེས་འགག་པ་མེད་པར་འཆར་བར་གསུངས་པ་ནི།། གཞིའི་མཚན་ཉིད་སྤྱོང་ཞིང་བདག་མེད་ལ།། དོན་འགྱུར་བ་མེད་པས་ནམ་མཁའ་ལྟ་བུའི་ཆོས་ཉིད།། སྟོང་པ་རྡོ་རྗེའི་ཆོས་ཅན།། དེ་ཡང་གངོས
290b7 པ་ཅན་གྱི་ཆོས་མིན་ཏེ།། ཡོན་ཏན་གྱི་སྒོ་ཡངས་པས།། རང་བྱུང་ཡེ་ཤེས་འགག་པ་མེད་དོ།། དེ་ལ་ནུབ་པ་མེད་ཅིང་དོན་དངོས་པོ་མཚན་མ་འབིགས་གཅོད་ལ་གོང་ན་གཞན་མེད་པས་རྩེ་མོའོ།། དོན་ཐམས་ཅད་འདུས་པས་ནི།། ཐམས་ཅད་ཀྱི་གཞི་རྩ་དང
iiif viewer powered by OpenSeadragon
290a - 291a