e-texts navigator
Collection
Volume
Page
Wylie

289b1 དགོངས་པའི་ངང་དུ་བསྐུལ།། ཟ་མ་ཏོག་གི་དགོངས་པ་ཡིན།། དེ་ཡི་མཚན་ཐབས་རྣམ་པ་གཉིས།། གདམས་ངག་གཉིས་ཀྱིས་གཏན་ལ་ཕབ།། རྟོགས་པ་རྒྱུད་ལ་སྐྱེས་པ་སྟེ།། བསྒོམ་དུ་ཡོང་མེད་བྱེ་བྲག་གིས།། ཉམས་བླངས་མེད།
289b2 པའི་ཉམས་བླངས་བྱས།། འཁོར་འདས་མ་ལུས་རིག་པར་བསྐུལ།། རེག་པ་འདུ་འབྲལ་མེད་པར་བསྐུལ།། སྐྱེ་བཅིངས་དོན་གྱི་དགོངས་པ་ཡིན།། དེ་ལྟར་རང་རིག་དོན་རྟོགས་ན།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། དགོངས་པ
289b3 གཉིས་སུ་མེད་པས་ན།། ཕྱི་ནང་སྣོད་བཅུད་ཡེ་སངས་ཀྱིས།། ཡེ་ནས་བདག་ཉིད་སངས་རྒྱས་པས།། རེ་དོགས་རྩོལ་བསྒྲུབ་རྣམ་པར་དག། རང་རིག་ཡེ་ཤེས་རང་དྲངས་ལས།། འདུ་འབྲལ་མེད་པ་ལྷ་ཡི་དོན།། ལས་དང་ཐུགས་རྗེ་རྣམ
289b4 བ་དག།། དགེ་སྡིག་མ་གནས་བྱིས་པའི་ཆོས།། ཁ་འཐམས་དགོངས་པ་ཡིས་པཤད་།། དེ་ལྟར་གདམས་ངག་རྣམ་གཉིས་ཀྱིས།། བློ་ཡི་འི་ཚོམ་ཀུན་བྲལ་ཏེ།། ངེས་པའི་ཤེས་པ་སྐྱེས་པ་ནི།། ཆོག་ལ་ནེམ་ནུར་མི་མངའ་བར།
289b5 དོད་ལ་གོལ་འཁྲུལ་མེད་པ་ནི།། ལ་ཚད་དོན་གྱི་དགོངས་པ་ཡིན།། ངས་བསྟན་དོན་གྱི་མན་ངག་གིས།། སེམས་ཅན་མ་རིག་མུན་པ་སེམ།། རང་རིག་གསལ་བའི་རོ་ཡང་སྤད།། ལྡན་པ་སེལ་དོན་དགོངས་པ་ཡིན། སྟོད
289b6 རྗེ་སེམས་དཔའ་ངས།། རང་རིག་དག་པའི་ཆོས་སྒྲ་ལས།། ཕྱོགས་མེད་ཡོན་ཏན་འབྱུང་བར་བཤད།། དེ་བཞིན་དག་དང་ཡོངས་ཚོགས་ནས།། དྲག་ལྔ་ཡེ་ཤེས་ལར་གྲོལ་རྫོགས།། འཁོར་རྣམས་ཅན་ལ་འཆང་པ་ནི།། ནོར་ཐུར
289b7 ན་དགོངས་པ་ཡིས།། དཔ་ན་རིན་ཆེན་སྦོམ་བུ་ལས།། ཅི་འདོད་ཐམས་ཅད་འབྱུང་བ་ལྟར།། དེ་བཞིན་དངོས་མེད་རིག་པ་ལས།། འཁོར་འདས་ཡོན་ཏན་ཚུལ་དུ་ཤར།། རང་རིག་ཡེ་ཤེས་རྐྱེན་མེ།། འགྲོབ་པས་གཞན་ནས།




iiif viewer powered by OpenSeadragon

289a - 290a

Texts on this page

Gdg004.14 - thig le kun 'dus chen po'i rgyud