e-texts navigator
Collection
Volume
Page
Wylie

288b1 གྱི་སྒྲ་དང་འབྲས་བུ་འགག་པ་མད་པ་ཡེ་ཤེས་གཟུགས་ཀྱི་སྲ་གཉིས།། དོན་འདུ་འབྲལ་མེད་པ་ལྡན་གྱིས་གྲུབ་པ། དེ་གཏན་ལ་དབབ་པའི་ཆ་ང་། ངས་པདྨ་ལ་ཁྱིལ་བའི་རྒྱུད་འདི་བསྟན་དོ།། རིག་པ་འཛིན་པ་ངས་དྲང
288b2 ཞིག། ཆོས་ཉིད་ཆོས་སྒྲ་དབྱེར་མེད་ཀློང་།། དྲི་མ་དག་གསལ་མཚན་ཉིད་ལྔ།། ཡེ་ཤེས་འོད་ཀྱི་བུམ་པ་གསལ།། ཐུགས་རྗེ་འགག་མེད་སྙིང་པོའི་སྐུ།། དབྱེར་མེད་རིག་པའི་དྲུང་ན་གནས།། ནང་གསལ་ཕྱིར་མ་འཐོས་པ་སྟེ།། པདྨ
288b3 འཁྱིལ་ཞེས་བཤད་པ་ཡིན།། སྐུ་གསུ་མ་ནང་གསལ་འདུ་འབྲལ་མེད་པ་ལས།། ཐུགས་རྗེ་མ་འགགས་སུ་ཉིད་ཕྱིར་ཤར་ཏེ།། པདྨ་ལས་གྲུབ་སྤེལ་གྲུ་འོད་གསལ་བས།། ངེས་པའི་འཁོར་ཚོགས་ད་ཡི་ཡུལ་དུ་སྡང་།། དེ་དུས་ང་ཡི་སུ་ཡི་ཆུད་ཆེན་ནོ།།
288b4 དཔག་བསམ་ཤིང་ལྟར་ཡོངས་སུ་རྒྱས་པར་བཤད།། དང་པོའི་གནས་ལུགས་བར་དུ་འཁྲུལ་ལུགས་དང་།། ཟ་མ་འཁྲུལ་པ་ལྡོག་པའི་ཐབས།། ནད་མེད་ནང་ནས་ཕྱི་རུ་ཤར་ལུགས་དང་། རྩལ་གྱི་སྟེང་བ་མཚན་མ་སྣ་ཚོགས་རྣམས།། རང་ལ
288b5 སྣང་ཞིང་རང་ལས་གཡོས་པ་མེད།། མཚན་མ་སྣ་ཚོགས་རང་གི་ངང་དུ་དག། དྲི་མེད་སྒྲ་དང་ཡེ་ཤེས་གཞི་ཡི་དང་དུ་ཐིམ།། རང་གསལ་འཛིན་པ་མེད་པར་བཤད།། དུས་གསུམ་སངས་རྒྱས་དགོངས་པ་བརྒྱད་པ་ཡི།། སངས་རྒྱས་ཞལ
288b6 ནས་གསུངས་པར་ངེས་ཤེས་བསྐྱེད།། སོ་སོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔས།། མགྱོགས་ངེས་དང་ཆོས་ངེས་དང་།། དབང་པོ་ངེས་དང་དུས་ངེས་དང་།། རང་རིག་ངོ་བོ་མི་འགྱུར་བར།། ཡེ་ཤེས་ཟང་ཐལ་སྡང་བས་ཁྱབ།། ཐིག་ལེ་ཉག་གཅིག་དང་དུ
288b7 རྫོགས།། ད་ལྟར་སྡོད་བརྡུང་དང་གྲོལ་བས།། དང་པོའི་འབྱུང་གནས་ཆེན་པོ་ཤེས།། བར་དུ་རྩལ་གནས་པ་ཤེས།། ཐ་མ་གྲོལ་བ་ཉག་གཅིག་ཤེས།། གས་ཡ་ང།། དུས་མཉམ་བདུན་པ་རིམ་པས་སྡང་།། གཉིས་མེད་ཡེ་ཤེས་ཟང་ཐལ་བས།




iiif viewer powered by OpenSeadragon

288a - 289a

Texts on this page

Gdg004.14 - thig le kun 'dus chen po'i rgyud