e-texts navigator
Collection
Volume
Page
Wylie

284b1 ཅད་ཀྱི་དགོངས་པ་ཆོག་གསུམ་པའི་རྒྱུང་ལས་རྡོ་རྗེ་སེམས་པའི་གསང་ལམ་བསྟན་པའི་ལའུ་སྟེ་དང་པ་འོ།། ། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་བ་བྱར་གཤེགས་པ་འང་ཀྱི་ཕུང་པོ་བར་དོ་རྣམ
284b2 པགསུམ་དང་རྩའི་གནས་ལུགས་གསུང་དུ་གསོལ་ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་འོད་སྲུང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདགེ་པོ་བར་དེ་ལ་རྣམ་པ་གསུམ་ཡིན་ནོ།། ད་ལྟ་དང་། འཆི་ཁ་དང་ཆོས
284b3 ཉིད་པར་དྲོ་དང་རྣམ་པ་གསུམ་ཡིན་ནོ།། ད་ལྟ་ནི་རང་བཞིན་གྱི་བར་དོ་ཡིན་ནོ།། འཆི་ཁའི་སྡུག་བསྔལ་གྱི་བར་དོ་ནི་ཁྲུལ་སྣང་འགགས་པའི་བར་ངོ་ཡིན་ནོ།། ཆོས་ཉིད་ཀྱི་བར་དོན་འཁྲུལ་སྣང་འགགས་ནས་དྲག་སྣང་འཆར་བས་ཡེ་ཤེས་འཆ
284b4 པའི་བར་དོ་ཡིན་ནོ།། ཡེ་ཤེས་འཆར་བའི་བར་དོ་ངོ་ཤེས་པས་ཆོག་གོ་ཞེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་གདམས་ངག་རྣམ་པ་གསུམ
284b5 གསུང་དུ་གསོལ་ཞེས་ཞུས་སོ།། སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བར་དོ་རྣམ་པ་གསུམ་ལ་གདམས་ངག་རྣམ་པ་གསུམ་ཡིན་ནོ།། ད་ལྟའི་གདམས་ངག་སྐྱེལ་མ་དང་འདྲའོ།། འཆི་ཁའི་གདམས་ངག
284b6 སུན་མ་དང་འདྲའོ།། བར་དོའི་གདམས་ངག་རང་གི་ཡུལ་དུ་སླེབ་ནས་བཙན་པོའི་མཁར་དུ་ཞུགས་པ་དང་འདྲའོ།། ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་ད་ལྷའི་གདམྦ་དག་སྐྱེལ་མ་དང་ལྟ་བ་རྣམ་པ་གཏུ
284b7 གསུང་དུ་གསོལ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེལ་མ་ལ་རྣམ་པ་གསུམ་ཡིན་ནོ།། དཔེ་དོན་རྟགས་གསུམ་མོ་ཞེས་གསུངས་སོ།། དེ་ནས་ཡང་གསང་བའི་བདག་པོས་ཞུས་པས། ཀྱེ་ཀྱེ། བཅོམ་ལྡན་འདས




iiif viewer powered by OpenSeadragon

284a - 285a

Texts on this page

Gdg004.13 - sangs rgyas rdo rje sems dpa'i dgongs pa tshig gsum pa zhes bya ba'i rgyud