| | e-texts navigator
|
284a1 པ་ཡིནད།། རང་འདི་ཤེས་ན་ལས་ཀྱི་རྣམ་པར་སྨིན་པས་མ་བསྒྲིབས་པའི་ལས་དགེ་སྨྱིག་མེད་པ་ཡིན་ནོ།། རང་འདང་ཤེས་པས་ལ་སཱ་ལ་དགེ་སྡིག་མེད་པས་ཆོས་སྟོང་བཅུ་དང་མཚམས་མེད་པ་རྟགས་པར་རྨིལ་རང་བཞིན་མཉམ
284a2 པ་ཡིན་ནོ།། ཀྱེ་གསང་བའི་བདག་པོ་དོན་ཆེན་པོ་འདི་ནི་འདས་པ་དང་མ་འོངས་པས་ཀྱང་སྟོན་མ་ནུས་སོ།། དོན་ཆེན་པོ་དེ་ལ་བསྒོམ་དུ་མེད་དོ།། བསྒོམ་མེད་ཀྱི་དོན་ཆེན་པོ་དེངོ་ཤེས་པས་ཆོག་གོ།། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམ་དུ་མེད་པའི་དོན་ཆེན་པོ
284a3 དེ་ངོ་མ་ཤེས་པས་སངས་རྒྱས་དེ། ལུས་གསུམ་གྱི་བདེ་བར་གཤེགས་པས་མགོ་ཁོས་ཤིག་ཅེས་སངས་རྒྱས་འོད་མི་འགྱུར་བས་གསུངས་སོ།། དེ་ནས་ཡང་གསང་པའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སདང
284a4 རྒྱས་ཀྱི་འཆར་ལུགས་གསུང་དུ་གསོལ་ཞེས་ཞུས་སོ།། དེས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱི་གསང་བའི་བདག་པོ་ཁྱོད་ཉོན་ཅིང་།། རང་གི་རིག་པའི་རང་འོད་ངོ་ཤེས་པ་རྣམས་སྐུ་དང་ཡེ་ཤེས
284a5 གྲོལ་ལོ།། རིག་པའི་རང་འོད་ངོ་མ་ཤེས་པ་རྣམས་ལུས་དང་བག་ཆགས་སུ་འཁྲུལ་ལོ།། རང་འོད་དོ་ཤེས་རུང་མ་ཤེས་རུང་སེམས་ཅན་ཐམས་ཅད་ལ་འཁྲུལ་པའི་སྣང་བ་འགགས་པ་དང་། དག་པའི་སྣང་བ་ཞག་ལྔར་འཆང་ངོ་།། དེ་པོ་ཤེས
284a6 ན་རང་དག་པའི་སྣང་བ་དང་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ།། དེ་ནི་གདམས་ངག་ཅན་གནད་ཀྱི་སྒོ་ནས་སངས་རྒྱུ་བ་ཡིན་ན།། སེམས་ཅན་ཐམས་ཅད་ལ་དག་པའི་སྣང་བ་ཡང་ནས་ཡང་དུ་ཤར་ཀྱིང་རང་གི་ངོ་མ་ཤེས་པས་ལུས་དང་བག
284a7 ཆགས་སུ་འཁྲུལ་ལོ།། རིག་པའི་རང་མདངས་འོད་གསལ་ཆེན་པོ་ངོ་ཤེས་ནས་ངས་རྒྱས་རྡོ་རྗེ་སེམས་དཔའི་གསང་ལམ་ཡིན་ནོ།། དེ་ནི་ངོ་ཤེས་པས་ཆོག་གོ།། དོན་ཆེན་པོ་དེརོ་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཐམས
iiif viewer powered by OpenSeadragon
283b - 284b