| | e-texts navigator
|
283b1 བཐལ་ལེབ་འདིག་འབྲལ་བ་མེད་པས་སངས་རྒྱས་ཆོས་ཀྱི་སྐུལ་སྒོམ་དུ་མེད་དོ།། རང་གི་རིག་པ་ཝལ་ལེ་བ་འདྲི་ཀ་སངས་ཀྱིས་ཡིན་པས་རང་གི་དངངོ་ཤེས་པས་ཆོག་གོ།། ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་རང་གི་རིག་པ་སངས་རྒྱས་སུ་ངོ་ཤེས་ནས་སངས་རྒྱས་པ་སྐབས་འགྲོ་བྱར་མེད
283b2 ལབས་ཆོག་གོ།། སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་རིག་པ་མེད་པས་རང་གི་རིག་པ་ལགས་ལ་འགྲིབ་མེད་པ་ཡིན་ནོ།། རང་གི་རིག་པ་གསལ་འགྲིབ་དང་བྲལ་བས་ལས་དང་བག་ཆགས་ཀྱི་རྣམ་སྨིན་གྱིས་གོས་པ་མེད་དོ།།
283b3 དང་ལས་ཀྱི་རྣམ་སྙེད་ཀྱིས་གོས་པ་མེད་པས་ལས་དགེ་སྡིག་བཅི་རུ་མེད་དོ།། ཞེས་བཀའ་སྩལ་པས། གསང་བའི་བདག་པོས་རང་གི་དོན་ཆེན་པོ་ཐོབ་པོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ལུས་སོ།། ཀྱེ་ཀྱེ། སངས
283b4 འོད་ཀྱི་ཕུང་པོ་ཆེན་པོ་སངས་རྒྱས་ཀྱི་ཡིན་ལུགས་དགུ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རང་གི་སྙིང་གི་དཀྱིལ་ན་སངས
283b5 སུ་གསུམ་ཡེ་ཤེས་ཀྱི་ཕུ་རུ་བཞུགས་སོ།། སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་རང་གི་ཤེས་རིག་ངོ་བོ་སང་ངེ་བ་འདི་ཡིན་ནོ།། སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལགས་ལ་འགྲིབ་མེད་པར་རང་གི་ཤེས་རིག་གི་རོདེ་སེང་ངེ་བ་འདི་དུས་གསུམ་དུ་བཞུགས་པ་ཡིན་ནོ།།
283b6 མས་ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པས། རང་གི་རིག་པ་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་ཡིན་ནོ།། རང་གི་རིག་པའི་རང་འོད་དམ། རང་ལུས་འོད་ཀྱི་ཕུང་པོར་བཞུགས་པས་རང་གི་རིག་པའི་རང་འོད་ལ་འཆར་ནུབ་མེད་པ་ཡིན་ནོ།། རང
283b7 རང་འོད་ལ་འཆར་ནུབ་མེད་པས་རིག་པ་རང་གི་མིག་ནས་འཐོན་ནས་འཁྲུལ་པའི་སྣང་བ་ཡེ་ཤེས་སུ་འཆར་བ་ཡིན་ནོ།། འཁྲུལ་སྣང་ཡེ་ཤེས་སུ་ཤར་ནས་ཡེ་ཤེས་སུ་བཟློག་པས་རང་འོད་ངོ་ཤེས་ནས་རང་འོད་ལྔ་ལ་ཐིམ་ནས་ལས་དང་བག་ཆགས་བྱུང་མི་དགོས
iiif viewer powered by OpenSeadragon
283a - 284a