e-texts navigator
Collection
Volume
Page
Wylie

280b1 འདོད་པའི་རྟོག་པ་ལས་གྲོལ་ཏེ། ངོ་བོ་ཉིད་ཆོས་སྤ་གསལ་པ་ཤེས་རབ་དགསལ་གྱི་སྦལ་ཡུལ་གཞན་སྣང་མེད་པས་རྒྱ་གྱེན་གྱིས་བསྐྱེད་པའི་ཤེས་རབ་མེད་དེ། རང་བྱུང་གི་ཡེ་ཤེས་གྲགསལ་ལོ།། ཡེ་ཤེས་རླུང་ལྔ་ཤེས་རབ་ཀྱི་རྟར་བྱུང་བས་ཤེས་རབ་ཏུ་ཐུའི་ཟེར་གདངས་སྲུ་དང
280b2 ཤེས་སུ་ཤར་བས་ཤེས་རབ་ནི་སྐུ་ལྔའི་བདག་པོར་གསལ་ལོ།། ཞེས་སོ།། ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་གདུལ་རྒྱལ་སྣང་བ་ཐུགས་རྗེ་འབྱུང་བ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་གསུང་དུ་གསོལ་ཞེས་ཞུས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
280b3 ཀྱེ་གསང་བའི་བདག་པོ་དེའི་ཡོན་ཏན་རྣམ་པར་སྣང་མཛོད་དུ་ཡིན་ནོ།། རང་གི་རིག་པའི་ངོ་བོ་སྟོང་པར་འདུག་པ་འདི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ།། དེའི་གདངས་འོད་མཐིང་གར་ཤར་རོ།། རང་གི་རིག་པ་མ་འགགས་པར་གསལ་བ་འདི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ།། དེའི
280b4 གདངས་འོད་དཀར་པོར་ཤར་རོ།། དེ་ངོ་ཤེས་པས་སངས་ཀྱིས་རྡོ་རྗེ་སེམས་དཔའི་སླར་སངས་རྒྱས་སོ།། རང་གི་རེག་པ་གསལ་སྐྱོང་དབྱེར་མེད་འདི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ།། དེའི་གདངས་འོད་སེར་པོར་ཤར་རོ།། དེ་རོ་ཤེས་པས་རིན་ཆེན་འབྱུང་ལྡན་དུ་སངས་རྒྱའོ།།
280b5 རང་གི་རིག་པ་དེ་ཤེས་རབ་ཀྱི་རྩལ་མ་འགགས་པའི་ངོས་ནས། སོ་སོར་རྟོག་པའི་ཡེ་ཤེས་ཡིན་ནོ།། དེའི་གདངས་འོད་དམར་པོར་ཤར་རོ།། དེ་ངོ་ཤེས་པས་སྣང་བ་མཐའ་ཡས་སུ་སངས་རྒྱའོ།། རང་གི་རིག་པ་འདི་ཐོག་མ་མེད་པའི་ངོས་ནས་བྱ་བ་གྲུབ་པའི་ཡེ་ཤེས
280b6 ཡིན་ནོ།། དེའི་གདངས་འོད་ལྗ་དགུར་ཤར་རོ།། དེ་ངོ་ཤེས་པས་དོན་ཡོད་གྲུབ་པར་སངས་རྒྱའོ།། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཡེ་ཤེས་ལྔ་པོ་འདི་གཞི་གནས་པའི་ཡེ་ཤེས་ཞེས་བྱའོ།། འོད་ལྔ་ནི་མཚན་ཉིད་འཛིན་པའི་འོད་ཅེས་བྱའོ།། སྐུ་ལྔ་ནི་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག
280b7 ཅན་ཡིན་ནོ།། ཞེས་དཀའ་སྩལ་ཏོ།། དེ་ནས་ཡང་གསང་པའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་བཅོམ་ལྡན་འདས་སྤྲུལ་པའི་སྤུ་འོ་གྱི་ཁ་མིག་ཅན་དེ་ལྟར་ལགས་ན། ཡང་སྲུལ་ཟེར་གྱི་ཁ་མིག་ཅད་གེ་སུང་དུ་གསོལ།། ཞེས་ནུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ




iiif viewer powered by OpenSeadragon

280a - 281a

Texts on this page

Gdg004.12 - ye shes mar me'i rgyud