| | e-texts navigator
|
279b1 པ་ཟུགས་པ་ནིརང་གནས་ག། གང་ས་དང་ངོན་པོ་དང་འདག་གང་དུ་ཡང་མགྲུབ་པར་སྟོང་སང་རེ་བར་འདག་པ་དང་ཡིན་ནོ།། ཙིགསང་བ་དག་རྡོས་བཅས་གཟུག་གསུས་ཀྱིས་སྟོད། འདུ་ང་རིད་ཀྱི་ལུས་ཀྱིས་སྟོང་། དམིགས་པ་མ་དག་པ་ས
279b2 མཚན་མ་འོད་ཀྱི་ལུས་ཀྱིས་སྟོང་། དཔྱོད་བྱེད་ཤེས་རབ་ཀྱི་ལུས་ཀྱིས་སྟོང། དེ་སྐར་སྟོང་པས་མཚན་མར་མཐུབ་པའོ།། ཀྱིགས་བདག་རྡོས་བཅས་ཤ་ཁྲག་གི་ལུས་དང་གཅིག། འགུ་བྱེད་ཡིད་ལུས་དང་གཉིས། དམིགས་པ་རྣམ་པར་དག་པ་ཏིང་འཛིན་ཀྱེ་ལུས་དང་གསུམ།
279b3 མཛོད་ཀྱི་ལུས་དང་བཞི་མེད་པས་སྟོང་། དཔྱོད་བྱེད་ཤེས་རབ་ཀྱི་སྲས་མེད་པས་སྟོང་ངོ་།། དེ་ནས་ཡང་ཞུས་པ། ཐེབཅོམ་ལྡན་འདས་རང་གི་ཞིང་གི་དཀྱིལ་ན་སངས་ཀྱིས་རིག་པ་མ་འགགས་པར་ཇི་ལྟར་གསལ་བར་བཞུགས་པ་ལགས། ཡང་གསུངས་པ། གསང་བདག་པ་འི
279b4 སྙིང་གི་དཀྱིལ་ན་ཆོས་སུ་རིག་པ་མ་འགགས་པར་བཞུགས་པ་ནི་རང་གི་ངོབ་ཝལ་ལ་གསལ་བ་འདི་ཡིན་ནོ།། སྡེ་གསང་བདག་རང་གི་རིག་པ་སྐྱེ་ཤི་མེད་པས་དུས་གསུམ་མཉམ་པ་ཉིད་དུ་གསལ་ལོ།། སངས་རྒྱས་ཀྱི་སྐུལ་མདུན་ཆབ་མེད་པས་ཡེ་ཤེས་ཟང་ཐལ་དགསལལོ།།
279b5 ཡེ་ཤེས་ཀྱི་རང་གདངསལ་གྱི་ནང་མེད་པས་ཡུལ་དང་ཡུལ་ཅན་གཉིས་མེད་དུ་གསལ་ལོ།། མཁྱེན་པལ་ཕྱོགས་རིས་མེད་པས་ཡེ་ཤེས་ཀྱི་སྨན་ལ་ཆོས་ཐམས་ཅད་ནི་དགོངས་པ་ཉག་གཅིག་ཏུ་གསལ་ལོ།། ཞེས་གསུངས་སོ།། དེ་ནས་ཡང་ཞུས་པ། སེ་བཅོམ་ལྡན་འདས་རང
279b6 གི་སྙིང་གི་དཀྱིལ་ན་སངས་རྒྱས་ཆོས་ཀྱི་ཡུལ་སྒྲིབ་པ་མེད་པས་ཟང་ཐལ་དུ་ཇི་ལྟར་བཞུགས་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་ཀྱི་སྐུ་བརྟེན་པ་རང་གི་ལུས་ལ་བརྟེན་ནས་ཡོད་དོ།། བཞུག་པ་དང་གི་སྙིང་གི་དཀྱིལ་ན་བཞུགས་སོ།།
279b7 ལ་བ་རང་གི་མིག་ནི་ཕར་གསལ་ལོ།། སངས་རྒྱས་རང་གི་སྙིང་གི་ནང་ན་བཞུགས་པས། ཐག་གི་ལུས་ཀྱིས་བཏུམས་ཀྱང་མཐུམས་པར་རང་གི་མིག་གི་ནང་ནས་མཐོང་བ་མ་འགགས་པར་གསལ་བཟང་ཐལ་ལེ་བ་འདི་ཀ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཟང་ཐལ་ཡིན་ནོ།། གསང
iiif viewer powered by OpenSeadragon
279a - 280a