e-texts navigator
Collection
Volume
Page
Wylie

275b1 ང་ནད་ཀྱིས་བསྒྲུབས་ལ། གོང་དུ་ངས་བཤད་པ་རྣམས་སུ་འབྲུ་མནན་ནོ།། རིགས་ཀྵེ་བུ་ལེའུ་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་དང་མ་འདྲེས་ཏེ། གོང་མཚོན་པ་དན་གཙོར་བཤད་པའོ།། སྐབས་ཅེས་པ་ནི་ལེའུའི་ཁོངས་དོན་དང་།
275b2 དོན་འབྱུང་བའི་གཞི་མ་འགགས་པར་ཤེས་པར་བྱའོ།། ཐིག་པ་ཐམས་ཅད་ནི། མི་འགྱུར་བ་མི་འགག་པ་ཁྱབ་པར་བཤད་དོ།། སྡང་བ་ཐམས་ཅད་ཡུལ་ལོ།། ཡུལ་ཐམས་ཅད་བཞུགས་པ་དང་གནས་དང་སྣང་བར་ཤེས་པར་བྱའོ།། རིག་པ་ནི་ཆོས
275b3 སྐུ་དང་། དོན་མཁྱེན་པ་དང་། བེམ་པོ་ལས་ལོག་པ་དང་། མ་རིག་པ་ལས་ལོག་པའོ།། མ་རིག་པ་ཐམས་ཅད་དོན་མ་ཤེས་པའོ།། ཡོན་ཏན་ཐམས་ཅད་མཐུན་པའི་ཕྱོགས་དང་། གཞི་ལྡན་པ་དང་། མ་འགེགས་པར་བཤད་དོ།། བྱོན་ཐམས་ཅད
275b4 མཐའ་དང་གཟུང་འཛིན་དང་། མ་རེག་པ་དང་ལོག་ལྷ་དང་། དོན་སོ་སོ་དང་། དོན་མི་མཐུན་པས་སྤང་བྱར་བཤད་དོ།། གྲུབ་མཐའ་ཐམས་ཅད་ལྟ་བ་དང་འབྲས་བུར་བཤད་དོ།། འབྲས་བུར་ཐམས་ཅད་དོན་མཐར་ཕྱིན་པའོ།། དོན་ནི་ཐ་དད་དོ།། དགོངས
275b5 པ་ཐམས་ཅད་དང་ངང་རང་བཞིན་བདག་ཉིད་ཆེན་པོར་བཤད་དོ། དང་ནི་མ་བཅོས་པ་དང་། མི་གཡོ་བ་དང་། མི་འདའ་བ་དང་། མི་གནས་པ་དང་། མི་འགྱུར་བར་བཤད་དོ། རུང་བཞིན་ནི་མ་འགགས་པ་དང་། མི་མཐུར་པ་དང་། སོ་སོ
275b6 ཉིད་དུ་བཤད་དོ།། བདག་ཉིད་ཆེན་པོ་ནི་ཐམས་ཅད་རིག་པ་དབྱེར་མེད་པར་བཤད་དོ།། རང་ཞེན་ནི་ཡུལ་ལ་རག་མ་ལུས་པའོ།། འགྲུ་བ་ཐམས་ཅད་དྲི་རྩལ་ལོ།། སྦུབས་མེད་པའི་རྒྱ་བཟློག་མེད་ཀྱི་རྡུལ་ལོ།། སྐྱབས་ཙྪན་ཎྜོ་ཀྵ་བརྔས་སོ།། དེ་ལྟར་དེ་བཞིན
275b7 ད་འདྲི་ཞེས་པ་ནི་གར་བྱང་ཡང་། ཆོག་ལྔ་གྱི་དཔེ་དང་སྦྱར་བའོ།། དེ་ནི་ཅེས་པ་ཐམས་ཅན་ནི། ཚིག་རྫ་མ་འོག་ཏུ་རྒྱས་སུ་བསྟན་པའོ།། ད་ནི་ཅེས་པ་ལྡམ་བཤད་ནས། དི་དང་དེ་ལས་བཟློག་པ་ཅིག་སྟོན་པའོ།། འདི་ནི་ཐམས་ཅད་དོན་ལོགས་སུ་བཀར་བའོ།།




iiif viewer powered by OpenSeadragon

275a - 276a

Texts on this page

Gdg004.11 - rgyud kyi khog snying sdeb pa