| | e-texts navigator
|
143b1 ཕྱོགས་ཀྱིས་མ་བསྒྲིབས་པར།། རང་འོད་གསལ་ན་རྟོགས་པའི་མཆོག། མཚན་མ་ཡུལ་ལ་མི་གནས་ན།། ཡང་དག་ཀུན་ཏུ་བཟང་པོའི་ཐུགས།། རང་གི་རྒྱུད་ལ་སྐྱེས་པ་ཡིན།། རིག་པའི་ཡེ་ཤེས་རང་བྱུང་ལ།། ཆད་པའི་ཡུལ་སྡང་བ་ལ་ཡོད།། གསང་བའི་ང
143b2 གཉིས་སྡང་བྲལ།། རྟོགས་པའི་ཐུགས་རྗེས་ལས་མི་འདྲབ།། དྲང་སྲོང་ཆོས་ཉིད་བདེན་མཐོང་ན།། སངས་རྒྱས་དགོངས་པ་དེ་ལས་མེད།། བདེན་པ་གཉིས་ཀྱིས་ཡེ་ནས་རྟོགས།། བདེན་པ་གསུམ་གྱིས་རང་དོན་རྙེད།། བདེན་པ་བཞི་ཡིས་སྣང་བ་མཐོང་།། བདེན་པ
143b3 ཡིས་ཆོས་སྐུ་ཤེས།། བདེན་པ་དྲུག་གིས་དང་ལུས་མཐོང་།། བདེན་པ་བདུན་གྱིས་དེ་ཉིད་ཐོབ།། བདེན་པ་བརྒྱད་ཀྱིས་རྟོགས་པ་རྙེད།། བདེན་པའི་ཆོས་ཉིད་རྣམ་དགུ་ཡིས།། རང་གི་ཏིང་འཛིན་བརྟན་པ་ཐོབ།། བདེན་པ་བཅུ་ཡིས་སངས་རྒྱས་མཐོང་།། བདེན་པ་བརྡེག
143b4 ས་ལམ་བགྲོད།། རྣམ་པ་བཅུ་གཉིས་རྟོགས་དང་ལྡན།། དེ་དོན་རྣམ་པ་བཅུ་བཞིར་ལྡན།། རྣམ་པ་བཅོ་ལྔས་མཁའ་ལ་བསྐྱོད།། དེ་ཉིད་རྣམ་པ་བཅུ་དྲུག་རིག། བཅུ་བདུན་རྣམ་པས་ཕ་རོལ་གྱིན།། བཅོ་བརྒྱད་ཆོས་ཉིད་བདེན་པ་མཐོང་།། བཅུ་དགུ་རང་གི་ཡུལ་དང་འཕྲད།།
143b5 རྣམ་པ་ཉི་ཤེས་བྱང་ཆུབ་པ།། རྣམ་པ་ཀུན་རེག་སངས་རྒྱས་མཆོག། དེས་ནི་ཕ་རོལ་བགྲོད་པའོ།། ཨེ་མ།། རྟོག་མེད་རང་སངས་རྟོག་པ་མེད།། འཛིན་མེད་རང་གྲོལ་རྫོགས་རིས་མེད།། རྣམ་པར་ཆོག་མེད་མཁའ་ལ་རོལ།། བྲེ་མེད་ཆོས་ཉིད་མཉམ་པ་ཉིད།། ཡང
143b6 ཚབ་ལ་སྤོ་བཏགས་མེད།། བསམ་འདས་བརྗོད་མེད་རང་ནི།། རྣམ་རྟོག་ཕྱོགས་སུ་མ་སྲུང་བ།། རྟོག་མེད་སུལ་ཡང་དག་བལྟ་བར་བྱ།། མཉམ་པ་ཉིད་ཀྱི་ཤེས་རབ་ཡིད་མེད་ལ།། སྣང་བ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་།། སྐྱེ་འགྲག་མེད་པའི་རང་བཞིན་བདེ་བའི
143b7 དམིགས་པ་མེད་པའི་ཏིང་འཛིན་ཐོས་པས་ཐོང་།། བསམ་དས་དངོས་པའི་ཡུལ་ལ་བ་དགེ་འཛིན་མེད།། སངས་རྒྱས་ཀུན་གྱི་ཡེ་ཤེས་འོད་འབར་ན།། ཉི་མ་ཟེར་བཞིན་ཀུན་ལ་སྙོམས་པར་གནས།། ཐུགས་རྗེ་མཉམ་ཉིད་སྒྲོན་མའི་ཞགས་པ་ནི།། འཆར་བྱེད་པ
iiif viewer powered by OpenSeadragon
143a - 144a