| | e-texts navigator
|
142a1 མེད་ལ་ཤེས་རྒྱུ་བོའི་གཞུང་ལྟ་བུ་དང་མི་འབྲལ་བའོ།། སྤྱོར་པ་ནི་ཡེ་ཤེས་མན་པོའི་མཛད་པས་རོལ་པ་མ་འགགས་པར་སྨད་དོ།། འབྲས་བུ་ནི་ཐབས་དང་ཤེས་རབ་གཉིས་སྦྱོར་བ་དང་སྒྲོལ་བ་རྣམ་པ་གཉིས་ཏེ། གཞི་འདུ་འབྲལ་མེད་པ།
142a2 འབྲས་བུ་འཐོབ་པོ།། དབང་པོ་འབྲིང་གི་བལྟ་བ་ནི་དབྱིངས་དང་ཡེ་ཤེས་གཉིས་མེད་པར་རྟོགས་སོ།། དགོངས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་པར་སྡང་ལ་ཉི་ཟླ་ཤར་པ་ལྟ་བུའི་དགོངས་པ་ལ་གནས་སོ།། སྟོད་པ་ནི་བདེ་བ་ཆེན་པོའི
142a3 གསང་བའི་ཐིག་ལེ་དཀར་དམར་ལ་སྤྱོད་དོ།། འབྲས་བུ་ནི་རིགས་ཀྱི་སངས་རྒྱས་ལྷའི་སྤྱོར་པའི་ལྷུམས་སུ་སངས་རྒྱས་པའི་འབྲས་བུ་ཐོབ་པའོ།། དབང་པོ་ཐ་མའི་ལྟ་བ་ནི། ཡབ་ཡུམ་གྱི་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སྤྲུལ་པའི་རྒྱུ་མཚོན་པའི་ལྟ་བར་རྟོགས་སོ།།
142a4 དགོངས་པ་ནི་ལྷའི་རང་བཞིན་སྙིང་པོ་དྲན་པས། ཏིང་ངེ་འཛིན་གསལ་བའི་དགོངས་པ་དང་ལྡན་པའོ།། སྤྱོད་པ་ནི་སྨན་ལྔ་བདུད་རྩི་ལྔ་ལ་སྤྱོད་པའོ།། འབྲས་བུ་ནི་བར་དོ་ལ་ཡི་དམ་ལྷའི་སྒྲ་ལུས་བཟུང་སྟེ། སྡང་བ་དག་པའི་འབྲས་བུ་ཐོབ
142a5 པའོ།། རྒྱ་མཚོ་ཀློང་བརྡོལ་གྱི་དགོངས་པ་ཤར་བའི་དུས་ན་ཡང་། དབང་པོ་གསུམ་ལ་མཐོང་སྣང་མི་མཐུན་པ་གསུམ་འཆར་ཏེ། དེ་ཡང་དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཆེན་པོའི་མཛད་པས།། ཅི་སྡང་རང་གི་སྣང་བ་ཉིད་དུ་རྟོགས་སོ།།
142a6 དགོངས་པ་ནི་སྡང་བ་ལ་ཆགས་ཞེ་ན་ཆུང་བ་ཆང་གིས་རོ་བ་ལྟ་བུའི་དགོངས་པ་དང་ལྡན་པའོ།། སྤྱོད་པ་ནི་འཁོར་བ་ཉིད་མྱ་ངན་ལས་འདས་པར་སྤྱོད་པའོ།། འབྲས་བུ་ནི་སྣང་བ་ལ་མི་གནས་པའི་ཡེ་ཤེས་ཚིག་ཆོད་དུ་སྐྱེ་བའི་འབྲས་བུ་ཐོབ་པའོ།། དབང་པོ་འབྲིང་གི་ལྷ
142a7 པ་ནི། གསལ་བཟང་ཐལ་ཡེ་ཤེས་ཀྱི་སྐུར་རྟོགས་པའོ།། དགོནས་པ་ནི་དྲག་ལ་ཡུན་ཐུང་བ་འབབ་ཆུ་ལྟ་བུའི་དགོངས་པ་དང་ལྡན་པའོ།། སྤྱོད་པ་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་དགས་ལྟ་བུའི་སྤྱོད་པ་དང་ལྡན་པའོ།། འབྲས་བུ་ནི་སྟོང་པའི་ཡེ་ཤེས་ཀྱི་སྙིང་པོ་མཐ
iiif viewer powered by OpenSeadragon
141b - 142b