e-texts navigator
Collection
Volume
Page
Wylie

141b1 དུན་ན་བྱང་།། དབང་བརྣམ་ཉ་ན། ན་བྱས་པར་སྣང་དུ་དྲས།། རྣམ་པནམ་ཡུམ་མ་ནམཐུན་དུ་ཏན་མ་པདྨ།། ཏུ་ཐར་པ་དར་དུ་དང་།། དབང་ནསུསངས
141b2 ཐིག་ལེ་མཐོང་རྒོལ་གྱི་དགོངས་པ་ཤར་བའི་ཚེ། ཡང་དབང་པོ་རང་འབྲིང་ཐམ་གསུམ་ལ། མཐོང་སྔད་མི་མཐུན་པ་གསུམ་དུང་ཆར་ཏེ། དེ་ཡང་འདི་ལྟ་སྟེ། དབང་པོ་དད་ཀྱི་ལྟ་བ་ནི། དཔེར་ན་སྐར་མདའ་ནམ་མཁ་ལ་རྒྱུག་པ་ལྟ་དྷར་ཡེ་ཤེས་ཀྱི་རྩལ་ཡོན་ཏན་དུ་ཤ
141b3 ནས། སྐད་ཅིག་མུ་གསུམ་ལ་གྲོལ་བར་རྟོགས་སོ།། དགོངས་པ་ནི་བར་བླ་ར་ལ་ཉི་མུ་ཤྭ་རབ་ལྟ་བུ་གས་པ་བཟང་ཐ་ལ་ཀུན་ལ་ཁྱབ་པར་གནས་སོ།། སྤྱོད་པ་ནི་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ལ་ལོངས་སྤྱོད་དོ།། འབྲས་བུ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་དེ
141b4 བཞིན་གཤེགས་པའོ།། དབང་པོ་འབྲིང་གི་ལྟ་བ་ནི། ཆོས་ཉིད་ཀྱི་བདེ་བ་ཟག་མེད་ཆེན་པོའི་སྣང་བ་ཁ་ཀྱི་བྱེ་ར་རྟོགས་སོ།། དགོངས་པ་ནི་སྐད་ཅིག་རོ་རོ་ལ་མཐོང་བའི་ཡུལ་ཁྱད་པར་ཅན་རེ་རེ་མཐོང་བས། རྟོགས་པ་ཁྱད་པར་ཅན་རེ་རེ་བྱེ་བ་དང་། ཆོས་ཀྱི་བུའི་སྐ
141b5 འདྲེ་མཛོད་པ་དང་། ཐུགས་ཀའི་དེ་བཞིན་ཉིད་རྣམ་པར་དག་པའི་དགོངས་པ་ལ་གནས་སོ།། སྤྱོད་པ་ནི་རང་གི་ཐུགས་ཀའི་ཟེར་ཐུག་དང་གཉིས་སུ་མེད་པར་སྤྱོད་དོ།། འབྲས་བུ་ནི་རང་གི་རིག་པའི་སྣང་བ་སྐྱེ་བ་མེད་པའི་ཆོས་རྨད་མཐོང་བའོ།། དབང་པོ་ཐ་མའི་ལྟ་ན།
141b6 ཞེས་དག་པའི་སྔར་བཱ་ལར་ལས་པའི་བྱུང་ངམ། ཕ་གི་ལས་དབྱུང་ང་མི་སྙམ་པར་རྟོགས། དགོངས་པ་ནི་སྣང་བ་ཉིད་ལ་མཐོང་བྱེད་མེད་པར་གནས། སྤྱོད་པ་ནི་ཐེ་ཚོམ་དང་ཡིད་གཉིས་ཀྱི་སྤྱོད་པ་དང་ལྡན་པོའོ།། འབྲས་བུ་ནི་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ
141b7 དབུགས་དབྱིན་པའི་འབྲས་བུ་ཐོབ་པའོ།། ཉི་ཟླ་ཁང་མཉམ་པའི་དགོངས་པ་ཀློད་འརྡོལ་པའི་དུས་ན། དེ་ཡིང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་སྣང་རྣམ་པ་གསུམ་དུ་ཤར་ཏེ་དེ་ཡང་དབང་པོ་རབ་ཀྱིས་ལྟ་བ་ཡེ་ཤེས་ཟངད་ཐལ་དུ་རྟོགས་སོ།། དགོངས་པ་ནི་དགག




iiif viewer powered by OpenSeadragon

141a - 142a

Texts on this page

Gdg004.9 - seng ge rtsal rdzogs chen po'i rgyud